མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧྲན་ཞི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་མཚོ་སྔོན་དུ་རྟོག་ཞིབ་བྱེད་པར་ཡོང་བ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-26 10:17

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས24ཉིན། ཧྲན་ཞི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་མའེ་ཚིན་ཚན་གཙོ་ཡིན་པའི་རྟོག་ཞིབ་ཚན་ཆུང་གི་མི་བདུན་མཚོ་སྔོན་ཞིང་ཆེན་དུ་ཡོང་ནས་དམངས་འཐུས་ཚོགས་ཆེན་གྱི་བྱ་བར་སློབ་སྦྱོང་དང་རྟོག་ཞིབ་བྱས།

ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། མཚོ་སྔོན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧྲིན་ཧི་ཡིས་མགོ་འཛིན་བྱས་ཏེ་མཚོ་སྔོན་དང་ཧྲན་ཞི་ཞིང་ཆེན་གཉིས་ཀྱི་དམངས་འཐུས་ཚོགས་ཆེན་གྱི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་དམངས་འཐུས་ཚོགས་ཆེན་གྱི་སྒྲིག་གཞི་འཛུགས་སྟངས་དང་ཁྲིམས་འཛུགས་བྱ་བ། ལྟ་སྐུལ་བྱ་བ། དོན་དག་ཆེན་པོ་ཐག་གཅོད་པ། མི་དོན་འདེམ་བསྐོ་དང་འཐུས་མིའི་བྱ་བ། དམངས་འཐུས་ཚོགས་ཆེན་རང་སྟེང་གི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས། ཕྱོགས་གཉིས་གས་དམངས་འཐུས་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛིན་ཁྲོད་ནུས་པ་གཙོ་བོ་འདོན་སྤེལ་བྱེད་པ་དང་། ཁྲིམས་འཛིན་མ་ཟིན་འདེབས་པ་དང་རིགས་པས་སྒྲུབ་པ། མཐུན་སྦྱོར། གྲོས་ཞིབ་སྒྲིག་སྲོལ་བཅས་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་འཛིན་བྱ་བའི་མཐུན་སྦྱོར་རང་བཞིན་དང་དུས་ཐོག་རང་བཞིན། མ་ལག་རང་བཞིན་ཇེ་མཐོར་གཏོང་བ། ས་གནས་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ་དང་། ཁྲིམས་སྲོལ་གྱི་བཀོལ་སྤྱོད་བྱེད་ཆོག་པའི་རང་བཞིན་དང་ལག་བསྟར་བྱེད་ཆོག་པའི་རང་བཞིན་ཇེ་དྲག་ཏུ་གཏོང་བ། ས་གནས་ཁྲིམས་འཛུགས་ཀྱིས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་ཁྲོད་ཀྱི་སྣེ་ཁྲིད་དང་སྐུལ་འདེད་ནུས་པ་འདོན་སྤེལ་བྱེད་པ། ཚན་རིག་ལྟར་ཁྲིམས་འཛུགས་པ་དང་དམངས་གཙོའི་སྒོ་ནས་ཁྲིམས་འཛུགས་པའི་ཐད་ཀྱི་ལམ་ལུགས་སྒྲིག་སྲོལ་གསར་གཏོད་དང་བྱ་བའི་གྲུབ་འབྲས་ལ་སྐུལ་འདེད་བྱེད་པ། ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཐོ་འགོད་སྙན་སེང་དང་ཞིབ་དཔྱོད་བྱ་བ་སོགས་ཀྱི་ནང་དོན་ཐད་ནས་བརྗེ་རེས་ཟབ་མོ་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག