མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་རྨོ་བསྐྱུར་ས་ཁུལ་གྱི་རོང་འབྲོག་པའི་སྡོད་ཁང་སྤུས་ཚད་རིམ་བཞིན་ལེགས་བཅོས་བྱུང་ཡོད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-03-26 10:17

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་བསྡོམས་རྩིས་ཅུའུ་མཚོ་སྔོན་སྤྱི་ཁྱབ་བརྟག་བཤེར་རུ་ཁག་གིས་ཁྱབ་བསྒྲགས་བྱས་པའི་ཆེས་གསར་བའི་དཔེ་འཐེན་བརྟག་བཤེར་རྒྱུ་ཆ་ལས་མངོན་པ་ལྟར་ན། རོང་འབྲོག་ཁུལ་གྱི་ཁང་རྙིང་བསྒྱུར་བཅོས་དང་བྱ་དགའི་རང་བཞིན་གྱི་སྡོད་ཁང་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་བ་དང་བསྟུན། མཚོ་སྔོན་ཞིང་ཆེན་གྱི་རྨོ་བསྐྱུར་ས་ཁུལ་གྱི་རོང་འབྲོག་པའི་སྡོད་ཁང་ཆ་རྐྱེན་མངོན་གསལ་གྱིས་ལེགས་བཅོས་བྱུང་ཡོད་པ་དང་། འཚོ་སྡོད་སྤུས་ཚད་མུ་མཐུད་དུ་ཇེ་མཐོར་སོང་ཡོད།

དཔེ་འཐེན་བརྟག་བཤེར་རྒྱུ་ཆ་ལས་མངོན་པ་ལྟར་ན། 2013ལོར་མཚོ་སྔོན་གྱི་རྨོ་བསྐྱུར་ས་ཁུལ་གྱི་རོང་འབྲོག་པ་ཁྱིམ་ཚང་རེའི་ཆ་སྙོམས་ཀྱིས་སྡོད་ཁང་བཟོ་སྐྲུན་རྒྱ་ཁྱོན་མུས་གྲུ་བཞི་མ115.0ཡིན་པ་དང་། དེ་ལོ་སྔོན་མ་ལས་མུས་གྲུ་བཞི་མ2.5ཇེ་མཐོར་སོང་ཡོད། རོང་འབྲོག་པ་ཁྱིམ་ཚང་རེའི་སྡོད་ཁང་གི་རིན་ཐང་སྒོར་ཁྲི10ཡན་ལ་སླེབས་པའི་ཁྱིམ་ཚང་གིས10.7%ཟིན་ཡོད་ལ། དུས་མཉམ་ལས་བརྒྱ་ཆའི་ཆ3.3ཇེ་མཐོར་སོང་ཡོད། སྡོད་ཁང་ནང་ཨར་འདམ་རྣོ་ལྕགས་བསྲེས་མའི་སྒྲིག་གཞིའི་སྡོད་ཁང་གིས3.9%ཟིན་ཞིང་ལོ་སྔོན་མ་ལས་བརྒྱ་ཆའི་ཆ0.8ཇེ་མཐོར་སོང་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག