མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ཤང་གྲོང་ངལ་རྩོལ་པ་མི་ཁྲི12.08གསོ་སྦྱོང་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-03-26 10:17

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་པའི་ཐོན་སྐྱེད་ནུས་རྩལ་དང་ཤང་གྲོང་གི་ལས་ཞུགས་མ་ཐུབ་པའི་ངལ་རྩོལ་པའི་ལས་ཞུགས་ལས་སྐྲུན་གྱི་ནུས་པ་ཇེ་མཐོར་གཏོང་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས《2014ལོའི་ཞིང་ཆེན་ཡོངས་ཀྱི་ཤང་གྲོང་ངལ་རྩོལ་པའི་ནུས་རྩལ་གསོ་སྦྱོང་ལག་བསྟར་འཆར་གཞི》བཟོས་པ་དང་། གསོ་སྦྱོང་ལས་གཞི་ཞིབ་ཕྲར་བཟོས་པ་དང་བྱ་བའི་འགན་འཁྲི་གསལ་བོར་བཏང་ནས་གཙོ་གནད་མང་ཚོགས་འབུར་ཏུ་བཏོད་ལ། དུས་བཅད་གཏན་འཁེལ་བྱས་ཏེ2014ལོའི་ཤང་གྲོང་ངལ་རྩོལ་པའི་ནུས་རྩལ་གསོ་སྦྱོང་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།

ད་ལོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཤང་གྲོང་གི་ངལ་རྩོལ་པ་མི་ཁྲི12.08ལ་ངལ་རྩོལ་ནུས་རྩལ་གསོ་སྦྱོང་བྱེད་རྒྱུའི་འཆར་གཞི་བཟོས་ཡོད་པ་དང་། འཆར་འགོད་ནང་ཞིང་ཕྱུགས་ཆེད་ལས་མཉམ་ལས་ཁང་གི་གསོ་སྦྱོང་འཆར་གཞི་དང་གསར་དར་ལས་རིགས་ཀྱི་རོང་འབྲོག་པའི་གསོ་སྦྱོང་འཆར་གཞི། ལས་ཞུགས་མ་ཐུབ་པའི་སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་མའི་ཆེད་དམིགས་ལས་ཞུགས་གསོ་སྦྱོང་བཟོ་འགོད། རོང་འབྲོག་ལས་བཟོ་བའི་ནུས་རྩལ་ཇེ་མཐོར་གཏོང་བའི་འཆར་གཞི། གྲོང་རྡལ་ཅན་དུ་བསྒྱུར་བའི་ཁྲོད་ས་ཞིང་ཤོར་བའི་ཞིང་བར་དམིགས་པའི་ནུས་རྩལ་གསོ་སྦྱོང་འཆར་གཞི། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཤང་གྲོང་ངལ་རྩོལ་པའི་གསོ་སྦྱོང་ལས་ཞུགས་སྐུལ་འདེད་འཆར་གཞི། ར་བ་ཁུལ་ཁེ་ལས་ཀྱི་ལས་བཀོལ་མི་སྣ་གསོ་སྦྱོང་འཆར་གཞི། ན་གཞོན་རོང་འབྲོག་པའི་ལས་ཞུགས་ལས་སྐྲུན་ནུས་རྩལ་གསོ་སྦྱོང་འཆར་གཞི། གྲོང་རྡལ་ཅན་དུ་བསྒྱུར་བའི་ཁྲོད་རོང་འབྲོག་པའི་ནུས་རྩལ་མཐོར་འདེགས་སུ་གཏོང་བའི་བཟོ་འགོད། ལས་སྐྲུན་ནུས་པ་མཐོར་འདེགས་སུ་གཏོང་བའི་འཆར་གཞི་སོགས་གཙོ་གནད་གསོ་སྦྱོང་ལས་གཞི10ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ལས་གཞི་ལ་བརྟེན་ནས་གསོ་སྦྱོང་གི་དམིགས་གཏད་རང་བཞིན་དང་ཡང་དག་རང་བཞིན། དངོས་ཕན་རང་བཞིན་ཇེ་མཐོར་གཏོང་རྒྱུ་རེད། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག