མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་བརྟག་དཔྱད་ཚོགས་པས་བདེ་ཆེན་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་བརྟག་དཔྱད་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-26 10:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས21ཉིན་ནས་ཚེས22ཉིན་བར།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནན། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་ཨུ་ཡོན་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་གོ་མིན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མྰ་ཀྲུའུ་ཝུས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ཨུའམ། མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོས་ཡས་དང་། མཚོ་སྔོན་ཞིང་ཆེན་ཀང་ཨོ་ཐའེ་ཕྱིར་སྡོད་མི་དང་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཀྲུའུ་རིན་ཏའོ་ཅིན་ཀྲུང་།  མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་གྱི་ཐིན་ཀྲང་གཞོན་པ་ཀྲུན་ཅའེ་སོགས་སྣེ་ཁྲིད་ནས་བདེ་ཆེན་ཁུལ་དུ་སོང་ཏེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཕྱོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་བརྟག་དཔྱད་བྱས།

བདེ་ཆེན་ཁུལ་དུ་བརྟག་དཔྱད་བྱེད་སྐབས་བརྟག་དཔྱད་ཚོགས་པས་པོ་ཏ་མཚོ་མོ་རྒྱལ་ཁབ་སྤྱི་གླིང་ལ་བརྟག་དཔྱད་བྱས་པ་མ་ཟད།  བདེ་ཆེན་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་དང་བཞུགས་མོལ་བྱས།  བཞུགས་མོལ་ཚོགས་འདུའི་སྟེང་། བརྟག་དཔྱད་ཚོགས་པས་པོ་ཏ་མཚོ་མོ་རྒྱལ་ཁབ་སྤྱི་གླིང་གི་ཁོར་ཡུག་སྲུང་སྐྱོང་དང་དོ་དམ་ཚོང་གཉེར།  སྲོག་ཆགས་དང་རྩྭ་རྩི་ཤིང་སྲུང་སྐྱོང་།  སྤྱི་གླིང་གི་བྱེད་ནུས་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས།

མྰ་ཀྲུའུ་ཝུས་པོ་ཏ་མཚོ་མོ་རྒྱལ་ཁབ་སྤྱི་གླིང་ནི་ཀྲུང་གོའི་ནང་ཁུལ་གྱི་སྐམ་ས་ཆེན་མོའི་རྒྱལ་ཁབ་སྤྱི་གླིང་ཐོག་མ་ཡིན་ལ། སྤྱི་གླིང་འཛུགས་སྐྲུན་བྱས་པ་དེས་བདེ་ཆེན་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཧུར་ཐག་སྒོས་འཚོལ་ཞིབ་བྱས་པ་དང་ལག་ལེན་སྟེང་དངོས་འབེབས་བྱེད་པའི་གྲུབ་འབྲས་ཡིན་པས། དོན་སྙིང་གལ་ཆེན་ལྡན། པོ་ཏ་མཚོ་མོ་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་ལེགས་འགྲུབ་འབྱུང་བར་ནུབ་རྒྱུད་ས་ཁུལ་དང་མཐའ་མཚམས་མི་རིགས་ས་ཁུལ་ལ་རྒྱུན་མཐུད་འཕེལ་རྒྱས་བྱེད་པའི་བགྲོད་ལམ་ཞིག་རྙེད་པ་དང་། སྤྱི་གླིང་འཛུགས་སྐྲུན་གོ་རིམ་ཁྲོད་རིམ་པ་སོ་སོའི་སྡེ་ཁག་གིས་ཧུར་ཐག་སྒོས་འཚོལ་ཞིབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་ལ་དོ་སྣང་བྱེད་པའི་སྤྱི་གླིང་ཞིག་རིམ་གྱི་ཆགས།  གཞན་ད་དུང་བདེ་ཆེན་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་མཐུན་རྐྱེན་ལེགས་པོ་ཞིག་ལྡན་པ་དང་།  རྒྱལ་ཁབ་སྲིད་ཇུས་ཕྱོགས་ཀྱི་རོགས་སྐྱོར་དང་ཡུན་རིང་གི་མ་དངུལ་བཏང་བ་བརྒྱུད།  སྤྱི་གླིང་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཙུགས་པར་བསྟན།

བདེ་ཆེན་ཁུལ་ནགས་ལས་དང་གནས་སྐོར་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་བརྟག་དཔྱད་འགྲོ་རོགས་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག