མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གངས་ལྗོངས་ཀྱི་སྐལ་བཟང་མེ་ཏོག་ནི་ནུབ་རྒྱུད་ཀྱི་ཕྲུ་གུ་དེ་བས་མང་བ་བདེ་ཐང་སྒོ་ནས་འཚར་ལོངས་ཡོང་ཆེད་ཡིན་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-25 17:04

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ་༣པར་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་གངས་འཁྱགས་ད་དུང་བཞུར་མེད། དཔྱིད་དཔལ་རབ་ཏུ་བཞད་པའི་དུས་ཚིགས་འདིར་མཚོ་སྔོན་སྐལ་བཟང་མེ་ཏོག་ནུབ་རྒྱུད་སློབ་གསོ་རོགས་སྐྱོབ་ལྷན་ཚོགས་ཀྱི་དང་བླངས་པ་ཚོ་ཡང་བྲེལ་འཚུབ་ཀྱི་ལས་ཀ་འགོ་ཚུགས་ཡོད་པ་རེད།

    ཧེ་ཧྥེ་ནས་བསྐུར་ཡོང་བའི་སྲིང་བལ་སྟོད་གོས་དང་སྲིང་བལ་ལྷམ་སྒམ་༢༧ཚང་མ་རྨ་ཆུའི་ཆུ་འགོ་ཡིན་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་དུ་འབྱོར་ཡོད་པ་དང་། ཁྲེན་ཏུའུ་དང་ཧྲེན་ཀྲེན་ནས་ཡོང་བའི་ཞལ་འདེབས་འབུལ་མཁན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཡོང་ནས་དབུལ་ཕོངས་སློབ་མར་སློབ་རོགས་དངུལ་སྤྲོད་པ། གཅིག་གཏད་གཅིག་གི་སློབ་རོགས་རྣམ་གྲངས་ཀྱི་འགན་འཁུར་བ་མ་ཅལ་གྱིས་ཡང་བསྐྱར་ཁོང་གི་ལྷམ་རྙིང་པ་དེ་གྱོན་ནས་ཙོང་ཁ་རྫོང་དུ་ཁྱིམ་ཚང་རེ་རེ་བཞིན་འཚམས་འདྲི་བྱེད་བཞིན་ཡོད་པ་རེད།

    སྐལ་བཟང་མེ་ཏོག་ནི་མཐོ་སྒང་གི་རྣམ་པར་བཀྲ་བའི་མེ་ཏོག་ཞིག་རེད། རོགས་སྐྱོབ་ལྷན་ཚོགས་ཀྱི་ལས་འཛིན་པ་ཧུང་པོ་ཡིས་གསར་འགོད་པར། ང་ཚོས་རོགས་སྐྱོར་བྱེད་སའི་ཕྲུ་གུ་དང་། རོགས་སྐྱོབ་ལྷན་ཚོགས་ཀྱི་དང་བླངས་པ། ཞལ་འདེབས་རྒྱག་མཁན་བཅས་ནི་མེ་ཏོག་དེ་དང་གཅིག་མཚུངས་རེད་ཅེས་བཤད་ཡོད་པ་རེད།

    ལོ་ངོ་བཅུའི་གོང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་རིགས་གཅེན་གཅུང་གཉིས་ལ་རོགས་པ་བྱེད་འགོ་ཚུགས་པ་ནས་བཟུང་ཧུང་པོ་ཡིས་ནུབ་རྒྱུད་ཀྱི་སློབ་རོགས་ལམ་བུ་རིང་པོ་དེ་འགོ་ཚུགས་པ་དང་། ཁོང་གིས་ཉེ་འགྲམ་གྱི་གྲོགས་པོ་སྐོང་ནས་སྐལ་བཟང་མེ་ཏོག་ནུབ་རྒྱུད་སློབ་རོགས་དྲ་བ་གསར་འཛུགས་བྱས་པ་དང་། དེ་ནས་ཡང་མཚོ་སྔོན་ཞིང་ཆེན་དུ་སྐལ་བཟང་མེ་ཏོག་ནུབ་རྒྱུད་སློབ་གསོའི་རོགས་སྐྱོར་ལྷན་ཚོགས་ཐོ་འགོད་བྱས་ནས་བཙུགས་ཡོད་པ་རེད། ཧུང་པོ་ཡིས་ང་ཚོས་འབྲེལ་ཟམ་ལྟ་བུ་ཞིག་ལ་འགྱུར་ནས་སློབ་རོགས་བྱ་སྤྱོད་བརྒྱུད་ཤར་ནུབ་བར་གྱི་ཤེས་རྟོགས་དེ་བས་ཟབ་ཏུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་ཡོད་པ་རེད།

    ལོ་ངོ་བཅུའི་རིང་། སྐལ་བཟང་མེ་ཏོག་ནུབ་རྒྱུད་སློབ་གསོའི་རོགས་སྐྱོར་ལྷན་ཚོགས་ཀྱིས་ཁྱོན་ནུབ་རྒྱུད་ཀྱི་ལོ་ཆུང་བྱིས་པའི་སློབ་གསོར་རིགས་ཁག་གི་དངོས་པོ་དང་མ་དངུལ་སྒོར་བྱེ་བ་༧ཙམ་བསྡུ་རུབ་བྱས་པ་དང་། ནུབ་རྒྱུད་ཀྱི་ལོ་ཆུང་བྱིས་པ་༢འབུམ་༢ཁྲི་ཙམ་ལ་རོགས་སྐྱོར་ཐོབ་པ། དངུལ་དང་དངོས་པོ་ཞལ་འདེབས་རྒྱག་མཁན་དགེ་སྒྲུབ་མིའི་ཐེངས་གྲངས་༢འབུམ་ལས་བརྒལ་བ། ཞལ་འདེབས་འབུལ་མཁན་སྤྱི་ཚོགས་ལས་རིགས་ཁག་ནས་ཡོང་བ་ཞིག་ཡིན་པ་དང་རྒྱལ་ཕྱི་རྒྱལ་ནང་ལ་ཁྱབ་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག