མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་རྨོ་བསྐྱུར་ས་ཁུལ་གྱི་རོང་འབྲོག་པའི་ཡོང་སྒོ་བརྟན་བརླིང་ངང་གོང་དུ་འཕར་བ་དང་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་སྒོར6464.2ལ་སླེབས་ཡོད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-25 10:59

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།རྒྱལ་ཁབ་བསྡོམས་རྩིས་ཅུའུ་མཚོ་སྔོན་བརྟག་བཤེར་སྤྱི་ཁྱབ་རུ་ཁག་གིས་ཆེས་གསར་བར་ཁྱབ་བསྒྲགས་བྱས་པའི་དཔེ་འཐེན་བརྟག་བཤེར་རྒྱུ་ཆ་ལས་མངོན་པ་ལྟར་ན། 2013ལོར་མཚོ་སྔོན་ཞིང་ཆེན་གྱི་རྨོ་བསྐྱུར་ས་ཁུལ་གྱི་རོང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་སྒོར6464.2ལ་སླེབས་ཤིང་དུས་མཉམ་ལས17.8%འཕར་བ་དང་། འཕར་ཚད་བརྒྱ་ཆའི་ཆ0.9ཇེ་མཐོར་སོང་ཡོད།

    གླ་ཕོགས་རང་བཞིན་གྱི་ཡོང་སྒོ་མགྱོགས་མྱུར་ངང་གོང་དུ་འཕར་ཡོད། རྨོ་བསྐྱུར་རོང་འབྲོག་པ་མི་རེའི་ཆ་སྙོམས་ཀྱི་གླ་ཕོགས་རང་བཞིན་གྱི་ཡོང་སྒོ་རྐྱང་བ་སྒོར2512.4ལ་སླེབས་པ་དང16.4%འཕར་ཡོད། དེའི་ནང་ཕྱིར་འགྲིམ་ལས་ཞུགས་མི་སྣའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར2092.6དང16.7%འཕར་ཡོད། ཕྱིར་འགྲིམ་ལས་ཞུགས་པའི་ཡོང་སྒོ་ནི་རོང་འབྲོག་པའི་གླ་ཕོགས་རང་བཞིན་གྱི་ཡོང་སྒོའི་འབྱུང་ཡུལ་གཙོ་བོ་ཡིན་ལ། དེས་གླ་ཕོགས་རང་བཞིན་གྱི་ཡོང་སྒོའི83.3%ཟིན་ཡོད།

    ཁྱིམ་ཚང་གི་བདག་གཉེར་རང་བཞིན་གྱི་ཡོང་སྒོ་མགྱོགས་མྱུར་ངང་གོང་དུ་འཕར་ཡོད། རྨོ་བསྐྱུར་རོང་འབྲོག་པ་མི་རེའི་ཆ་སྙོམས་ཀྱི་ཁྱིམ་ཚང་བདག་གཉེར་རང་བཞིན་གྱི་ཡོང་སྒོ་རྐྱང་བ་སྒོར2590.2ལ་སླེབས་ཤིང21.8%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་ཡོང་སྒོ25.6%འཕར་ཡོད་པ་དང་ཐོན་ལས་གསུམ་པའི་ཡོང་སྒོ14.9%འཕར་ཡོད་ལ། གཙོ་བོ་སིལ་འཚོང་ཉོ་ཚོང་ལས་རིགས་དང་བཟའ་བཏུང་ལས་རིགས་ཀྱིས་ཡོང་སྒོའི26.5%ཟིན་ཡོད།

    རྒྱུ་ནོར་རང་བཞིན་གྱི་ཡོང་སྒོ་རྐྱང་བ་མགྱོགས་མྱུར་ངང་གོང་དུ་འཕར་ཡོད། གཞན་པའི་མ་རྐང་གི་སྐྱེད་ཀ་དང་ཁེ་སྤོགས། ས་ཞིང་བདག་གཉེར་དབང་ཆ་བརྗེ་སྤོར་ཡོང་སྒོ་འཕར་བ་སོགས་ཀྱི་ཤུགས་རྐྱེན་འོག རྨོ་བསྐྱུར་རོང་འབྲོག་པའི་རྒྱུ་ནོར་རང་བཞིན་གྱི་ཡོང་སྒོ་རྐྱང་བ་སྒོར94.5ལ་སླེབས་ཤིང61.5%འཕར་ཡོད།

    སྤོ་བསྒྱུར་རང་བཞིན་གྱི་ཡོང་སྒོ་རྐྱང་བ་བརྟན་བརླིང་ངང་གོང་དུ་འཕར་ཡོད། རྨོ་བསྐྱུར་རོང་འབྲོག་པའི་སྤོ་བསྒྱུར་རང་བཞིན་གྱི་ཡོང་སྒོ་རྐྱང་བ་སྒོར1267.1ལ་སླེབས་པ་དང12.2%འཕར་ཡོད། དེའི་ནང་རྩྭ་སའི་སྐྱེ་ཁམས་ཁ་གསབ་དང་འབྲུ་རིགས་ཐད་ཀར་ཁ་གསབ། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་སོགས་སྲིད་ཇུས་རང་བཞིན་གྱི་ཁ་གསབ་སྣ་ཚོགས་ཀྱི་ཡོང་སྒོ་མི་རེར་ཆ་སྙོམས་ཀྱི་སྒོར502.5ལ་སླེབས་པ་དང46.9%འཕར་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག