མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐབས་གཉིས་པའི་རྩྭ་སའི་གནོད་འབུ་འགོག་བཅོས་ལས་གཞི་ལག་བསྟར་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-25 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས18ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་དང་རྩེ་ཁོག་རྫོང་གཉིས་སུ་རྩྭ་སའི་ཨ་བྲ་འགོག་བཅོས་བྱེད་མགོ་བརྩམས་ཤིང་། དེས་མཚོ་སྔོན་ཞིང་ཆེན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་འགོད་སྐབས་གཉིས་པའི་རྩྭ་སའི་གནོད་འབུ་འགོག་བཅོས་ལས་གཞི་དངོས་སུ་མགོ་བརྩམས་པ་མཚོན་ཡོད། ཟླ3པའི་ཚེས17ཉིན་བར་དུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྤྱི་ཆིང་ཁྲི118.3ལ་ཨ་བྲ་འགོག་པའི་ལས་གཞི་ལེགས་འགྲུབ་བྱས་པ་དང་། འཆར་འགོད་ལས་འགན་གྱི38%ལེགས་འགྲུབ་བྱས་ཡོད་ལ། ཐོག་མའི་ཞིབ་བཤེར་བྱས་པ་བརྒྱུད་ཆ་སྙོམས་ཀྱིས་ཕན་ནུས་ཐོན་ཚད90%ཡན་ལ་སླེབས་ཡོད།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་འགོད་སྐབས་གཉིས་པའི2013ལོའི་རྩྭ་སའི་གནོད་འབུ་འགོག་བཅོས་ལས་གཞི་འཛུགས་སྐྲུན་ལས་འགན་ནི་སྤྱི་ཆིང་ཁྲི311.37ཡིན་པ་དང་། དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཁུལ4དང་གྲོང་ཁྱེར1། རྫོང21། གྲོང་རྡལ1། རྩྭ་ར4བཅས་ལ་ཁྱབ་ཤིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་བཟོ་འགོད་སྐབས་གཉིས་པ་མགོ་བརྩམས་རྗེས་ལག་བསྟར་བྱས་པའི་ལས་གཞི་ཐོག་མ་ཡིན་ལ། གཙོ་བོ་རྩྭ་སའི་ཨ་བྲ་འགོག་བཅོས་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག