མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2014ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དར་མཚོ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བཞི་བཏང་སྟེ་དབུལ་སྐྱོར་མཁྲེགས་གཏོར་ལས་གཞི་ལག་བསྟར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-24 16:06

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དར་མཚོ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བཞི་བཏང་སྟེ་དབུལ་སྐྱོར་མཁྲེགས་གཏོར་ལས་གཞི་ལག་བསྟར་བྱས་ནས་ཞིན་ཧེ་རྫོང་ལྷོ་ཕྱོགས་ཀྱི་ཞང་གསུམ་གྱི་དབུལ་སྐྱོར་བྱ་བ་ལེགས་པོར་བསྒྲུབས།

    དར་མཚོ་རྫོང་གི་ལུང་བཟང་དང་འབྲོང་མཐིལ། ཆུ་ཁོལ་བཅས་ཞང་གསུམ་གྱི་མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་ཀྱིས་མུས་སྟོང་བཞི་ཡི་ཡན་དུ་ཡོད་པ་དང་། ནམ་ཟླ་བཙོག་ལ་རྨང་གཞིའི་སྒྲིག་ཆས་ཞན་པས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆེས་དབུལ་བའི་ས་ཁུལ་གྲས་ཀྱི་གཅིག་ཡིན། ད་ལོར་དར་མཚོ་རྫོང་གིས་དབུལ་སྐྱོར་ལས་གཞིར་མ་དངུལ་གཏོང་བ་ལག་བསྟར་བྱས་ཏེ་གཙོ་བོ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་སྡོད་ཁང་འཛུགས་སྐྲུན་བྱེད་པ། ཆེད་སྤྱོད་དབུལ་སྐྱོར་དང་སྤྱི་ཚོགས་ལས་རིགས། ངལ་རྩོལ་ལག་རྩལ་གསོ་སྦྱོང་བྱེད་པ་བཅས་རིགས་ཆེན་པོ་ལྔ་ཡི་སྣ་ཁ་དོན་དྲུག་གི་དབུལ་སྐྱོར་མཁྲེགས་གཏོང་ལས་གཞི་ལག་བསྟར་བྱས་པ་དང་། ལས་གཞི་དེའི་ནང་དུ་་གཞི་རིམ་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ཞིང་སྡེའི་གཞུང་ལམ་དང་འབྲོག་ཁུལ་དུ་གློག་འཐེན་པ་དང་ཆ་འཕྲིན་འབྱོར་བ། ཕྱུགས་ལས་འཛུགས་སྐྲུན་བྱེད་པ། རོང་འབྲོག་པར་གཏན་སྡོད་ཁང་པ་ལས་པ་སོགས་དམངས་ཕན་བཟོ་སྐྲུན་འདུ་བ་ཡིན། ལས་གཞི་འདི་དག་ལག་བསྟར་བྱས་ན་མཚོ་སྔོན་ལྷོ་ཕྱོགས་ཀྱི་ཞང་གསུམ་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་རིམ་གྱིས་ལེགས་བཅོས་བྱས་ནས་དབུལ་ཕོངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་ཐུབ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག