མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་དབྱར་རྩྭ་དགུན་འབུ་བརྐོ་འཐུ་ཚད་ལྡན་བཟོ་རྒྱུ།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།  2014-03-24 11:13

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་རྩྭ་དགུན་འབུའི་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱིས་ཉེ་བའི་ལོ་ཤས་ནང་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཉུང་དུ་འགྲོ་བ་དང་། རིན་གོང་ལོ་རེ་བཞིན་མཐོ་རུ་འགྲོ་བ། དེ་བཞིན་བརྐོ་འཐུའི་བརྒྱུད་རིམ་ནང་སྐྱེ་ཁམས་ལ་གཏོར་སྐྱོན་བཟོ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་བསམ་འཆར་ཞེས་པ་བཏོན་ཡོད་པ་རེད།

    བསམ་འཆར་དེར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་དེ་ཡོངས་ཀྱི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ལ་བརྟག་ཞིབ་བྱས་ནས། ས་གནས་ཁག་གི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཀྱི་སྣེ་རིགས་དང་། གནས་ཡུལ། གསོག་ཚད། འཐུ་ཚད། དེ་བཞིན་ཁྲོམ་རའི་འགྱུར་ལྡོག་སོགས་གཞི་རྩའི་གནས་ཚུལ་ཁོང་དུ་ཆུད་པ་བྱ་རྒྱུ་དང་། ཐོན་ཁུངས་ཀྱི་བརྟག་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་རེད། ཆབས་ཅིག་ཞིང་ཆེན་དེའི་ས་གནས་ཁག་གིས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཀྱི་ཆ་རྐྱེན་དང་རྩྭ་ཐང་གི་སྐྱེ་ཁམས་ཐེག་ནུས་ལ་གཞིགས་ནས། འཐུ་མི་ཆོག་པའི་ཁུལ་དང་། ཚོད་འཛིན་བྱེད་ཁུལ། འཐུ་ཆོག་པའི་ཁུལ་བཅས་དབྱེ་སྟེ། རིགས་དབྱེ་ནས་དོ་དམ་བྱེད་པའི་བྱ་ཐབས་དོན་འཁྱོལ་གྱིས། དབྱར་རྩྭ་དགུན་འབུའི་ཐོན་ཁུངས་དེ་གོ་རིམ་ཡོད་པ་དང་། རྒྱུན་མཐུད་ཐུབ་པའི་ཐོག་ནས་བེད་སྤྱོད་ཐུབ་རྒྱུར་འགན་སྲུང་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག