མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞོན་ཧྭ་རྫོང་གིས་མ་དངུལ་སྒོར་ཁྲི428བཏང་ནས་འཐུང་ཆུའི་དཀའ་ངལ་ཐག་བཅད་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-24 10:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་དང་རྩིས་བཤེར་ཐིན། མཚོ་ཤར་གྲོང་ཁྱེར་ནོར་སྲིད་ཅུའུ། ཞིང་ཕྱུགས་སྒྲིག་ཁྲིམས་ཞིབ་དཔྱོད་ཙུའུ། ཀྲུང་གོ་དང་འཇར་མན་ལས་གཞི་གཞུང་སྒྲུབ་ཁང་སོགས་ལས་ཁུངས15ཡིས་གྲུབ་པའི་མཉམ་འབྲེལ་ཞིབ་བཤེར་ཚད་ལེན་ཚན་ཆུང་གིས་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་རྫོང་གི་ཀྲུང་གོ་དང་འཇར་མན་ནོར་སྲིད་མཉམ་ལས་ཀྱི་རྐང་ཚ་ཤང་རྐང་ཚ་སྡེ་བ་དང་བུས་མདོ་ཤང་ཀྲུང་ཁུའུ་སྡེ་བ་བདུན་པའི་མི་ཕྱུགས་འཐུང་ཆུ་བཟོ་འགོད་འཛུགས་སྐྲུན་ལས་གཞི་ལ་སོ་སོར་ཞིབ་བཤེར་རྩིས་ལེན་བྱས།

རྒྱུས་ལོན་པ་ལྟར་ན། རྐང་ཚ་ཤང་རྐང་ཚ་སྡེ་བ་དང་བུས་མདོ་ཤང་ཀྲུང་ཁུའུ་སྡེ་བ་བདུན་པའི་མི་ཕྱུགས་འཐུང་ཆུ་བཟོ་འགོད་ནི་འཇར་མན་ཧྥུ་ཞིན་དངུལ་ཁང་གིས་རོགས་སྐྱོར་བྱས་པའི་དམངས་འཚོའི་བཟོ་འགོད་ཞིག་ཡིན། བཟོ་འགོད་འདིའི་སྤྱིའི་མ་དངུལ་སྒོར་ཁྲི428.17ཡིན་ལ། དེའི་ནང་འཇར་མན་གྱིས་མ་དངུལ་སྒོར་ཁྲི115.61གིས་རོགས་སྐྱོར་བྱས་པ་དང་ཀྲུང་གོས་མ་དངུལ་སྒོར་ཁྲི312.56བཏང་ཡོད། གཙོ་བོ་རྐང་ཚ་དང་བུས་མདོ་ཤང་གཉིས་ཀྱི་ཁྱིམ་ཚང832ཀྱི་མི4417དང་ཕྱུགས་ཟོག7317གྱི་འཐུང་ཆུ་གནད་དོན་ཐག་གཅོད་བྱས་ཡོད། ཞིབ་བཤེར་ཚད་ལེན་ཚན་ཆུང་འཁོར་དང་བཅས་པས་ཡུལ་དངོས་ནས་ལྟ་བཤེར་དང་སྙན་ཞུ་ལ་ཉན་པ། རྒྱུ་ཆ་ཀློག་པ། སྡེ་བའི་ལས་བྱེད་པར་ཞིབ་འདྲི་བྱས་རྗེས་རྐང་ཚ་ཤང་རྐང་ཚ་སྡེ་བ་དང་བུས་མདོ་ཤང་ཀྲུང་ཁུའུ་སྡེ་བ་བདུན་པའི་མི་ཕྱུགས་འཐུང་ཆུ་བཟོ་འགོད་ཀྱི་འཆར་འགོད་བྱས་པ་འོས་འཚམ་ཡིན་ཞིང་འཛུགས་སྐྲུན་དོ་དམ་ཚད་ལྡན་ཡིན་པ་དང་། མ་དངུལ་བེད་སྤྱོད་དང་བཟོ་སྐྲུན་སྤུས་ཚད་ཚད་མཐུན་ཡིན་ཞིང་བཟོ་འགོད་རྒྱུ་ཆ་ཆ་ཚང་ཡིན་པས་བཟོ་འགོད་གཉིས་ཀ་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་ཐོབ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག