མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིན་ཧེ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར3ལྷག་བཏང་ནས་དབུལ་སྐྱོར་བརྟན་བརླིང་བྱ་བ་སྤེལ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-24 10:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གིས་དབུལ་སྐྱོར་བརྟན་བརླིང་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར3.4དངོས་འབེབས་བྱས་ཏེ། ཞིན་ཧེ་རྫོང་གི་ནུབ་རྒྱུད་ཀྱི་ཤང3གྱི་དབུལ་སྐྱོར་བརྟན་བརླིང་བྱ་བར་སྐུལ་འདེད་བཏང་།

ཞིན་ཧེ་རྫོང་གི་ལུང་བཟང་དང་འབྲོང་མཐིལ། ཆུ་ཁོལ་བཅས་ཤང་གསུམ་གྱི་ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་མུས4000ཡན་ཡིན་པ་དང་། ནམ་ཟླའི་ཆ་རྐྱེན་སྡུག་པ་དང་རྨང་ཞི་སྒྲིག་ཆས་ཞན་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆེས་དབུལ་ཕོངས་ས་ཁུལ་གྲས་ཀྱི་གཅིག་ཡིན། ད་ལོར། ཞིན་ཧེ་རྫོང་གིས་དབུལ་སྐྱོར་བརྟན་བརླིང་ལས་གཞིའི་མ་དངུལ་དངོས་འབེབས་བྱས་ཏེ། གཙོ་བོ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་སྡོད་ཁང་འཛུགས་སྐྲུན། ཆེད་དམིགས་དབུལ་སྐྱོར། སྤྱི་ཚོགས་ལས་དོན། ངལ་རྩོལ་ནུས་རྩལ་གསོ་སྦྱོང་བཅས་རིགས་ལྔའི་དབུལ་སྐྱོར་བརྟན་བརླིང་ལས་གཞི76ལག་བསྟར་བྱས་ལ། ལས་གཞིའི་ནང་གཞི་རིམ་མང་ཚོགས་ཀྱི་ཆེས་ཐུགས་ཁུར་དང་ཆེས་དགོས་གལ་ཆེ་བའི་ཤང་སྡེའི་གཞུང་ལམ་དང་འབྲོག་ཁུལ་གྱི་གློག་འཐེན་བརྡ་འཕྲིན། ཕྱུགས་ལས་འཛུགས་སྐྲུན། རོང་འབྲོག་དམངས་ཀྱི་གཏན་སྡོད་སོགས་ཀྱི་དམངས་ཕན་བཟོ་འགོད་ཚུད་ཡོད། ལས་གཞི་འདི་དག་ལག་བསྟར་བྱས་པ་ཡིས་ནུབ་རྒྱུད་ཤང་གསུམ་གྱི་རྨང་གཞི་སྒྲིག་ཆས་ཆ་རྐྱེན་ཐོག་མར་ལེགས་བཅོས་བྱས་ཏེ། དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་ཐུབ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག