མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

བརྩེགས་དྲུབ་སྒྱུ་རྩལ་གྱིས་མཐོ་སྒང་གི་བོད་ཁུལ་མང་ཚོགས་ཕྱུག་བསྒྱུར་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-24 10:27

ཟླ3པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉན་ཐོག་སྡེ་བའི་སྡེ་མི་གནམ་མཚོ་སྐྱིད་ཀྱིས་བརྩེགས་དྲུབ་བཟོ་བཞིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གཉན་ཐོག་སྡེ་བ་ནི་ས་གནས་དེ་གར་མིང་དུ་གྲགས་པའི་བརྩེགས་དྲུབ་སྡེ་བ་ཡིན་ལ། སྡེ་བ་ཡོངས་ལ་ཁྱིམ་ཚང368ལྷག་ཡོད་པའི་ནང་མང་ཆེ་བས་བརྩེགས་དྲུབ་གཉེར་བཞིན་ཡོད། བརྩེགས་དྲུབ་ཐང་ག་ཞིག་བཟོ་བར་སྤྱིར་བཏང་དུ་ཟླ་གཅིག་ནས་གཉིས་བར་དགོས་ལ། རིན་གོང་སྒོར་སྟོང་འགའ་དང་ཐ་ན་སྒོར་ཁྲི་ཡན་ལ་སླེབས་ཡོད། ཉེ་བའི་ལོ་འགའི་རིང་། གཉན་ཐོག་སྡེ་བའི་བརྩེགས་དྲུབ་སྒྱུ་རྩལ་དེ་ཨ་རི་དང་འཇར་མན། ཐའེ་རྒྱལ་ཁབ། རྒྱ་གར་སོགས་ཀྱི་རྒྱལ་ཁབ་དུ་ཕྱིར་འཚོང་བྱས་ཏེ། བརྩེགས་དྲུབ་དེ་ས་གནས་མང་ཚོགས་ཀྱི་ལས་སྐྲུན་ཕྱུག་བསྒྱུར་གྱི་ཐོན་ལས་གཙོ་བོ་ཞིག་ཏུ་གྱུར་ཡོད།  ། 

ཟླ3པའི་ཚེས21ཉིན། གནས་སྐོར་བ་ཞིག་གིས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉན་ཐོག་སྡེ་བའི་བརྩེགས་དྲུབ་འགྲེམ་སྟོན་ཁང་ཞིག་ནས་བརྩེགས་དྲུབ་ལ་ལྟ་བཞིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག