མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་ལྷོ་ཁུལ་གྱིས་སློབ་གསོ་ལག་ལེན་བྱ་འགུལ་ལ་ཤུགས་བསྣན་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-24 10:26

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་ཟབ་སྤེལ་གོ་རིམ་ཁྲོད་དུ།ཧུར་བརྩོན་ཆེན་པོས་མང་ཚོགས་ཀྱི་བྱ་བའི་བྱེད་ཕྱོགས་གསར་སྒྱུར་དང་གཞི་རིམ་རྩ་འཛུགས་བྱ་བར་ཤུགས་སྣོན།ལས་ཆོད་མཐོ་བའི་བྱ་བའི་ལམ་ལུགས་བཅས་བཙུགས་ནས།ཏང་ཡོན་ལས་བྱེད་པས་གཞི་རིམ་མང་ཚོགས་ལ་ཞབས་འདེགས་སྒྲུབ་པའི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད།

སློབ་གསོ་ལག་ལེན་བྱ་འགུལ་གྱི་གོ་རིམ་ཁྲོད་དུ།རྨ་ལྷོ་ཁུལ་གྱིས་རོང་འབྲོག་ཏང་ཡོན་ལས་བྱེད་པས་རོང་འབྲོག་ཁྱིམ་ཚང་ལ་འབྲེལ་འདྲིས་བྱེད་པའི་ལམ་ལུགས་གསར་འཛུགས་བྱས།ཏང་ཡོན་ལས་བྱེད་པ་རྣམས་ཁུལ་ནས་རྫོང་དང་།རྫོང་ནས་ཞང་།ཞང་ནས་སྡེ་བར་འགྲོ་བའི་ལམ་ལུགས་ལག་བསྟར་བྱས་ནས།གཞི་རིམ་མང་ཚོགས་ཀྱི་དམངས་འཚོའི་གནད་དོན་ལ་རྟོག་ཞིབ་དང་ཐག་གཅོད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག