མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་བྱ་འགུལ་ལ་བརྟེན་ནས་དམངས་ལ་དོན་བཟང་སྒྲུབ་པའི་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-23 11:26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་ཚེས20ཉིན་ཞིང་ཆེན་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་བྱ་འགུལ་ལ་བརྟེན་ནས་དམངས་ལ་དོན་བཟང་སྒྲུབ་པའི་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས་ནས། 2014ལོའི་མཚོ་སྔོན་ཞིང་ཆེན་གྱི་བཅའ་ཁྲིམས་རོགས་སྐྱོར་བྱ་བར་སྤྱི་བསྡོམས་བྱས་པ་དང་། ད་ལོའི་བཅའ་ཁྲིམས་རོགས་སྐྱོར་ལ་བརྟེན་ནས་དམངས་ལ་དོན་བཟང་སྒྲུབ་པའི་བྱ་བ་བཀོད་སྒྲིག་བྱས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་སྐབས་དང་པོའི་བཅའ་ཁྲིམས་རོགས་སྐྱོར་བྱ་བ་སྒྲུབ་མཁན་བཅུར་གཟེངས་བསྟོད་བྱས་ཤིང་། ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་ཐིན་ཀྲང་གཞོན་པ་ཙའོ་ཞི་མེན་གྱིས་སོ་སོར་གྲོང་ཁྱེར་དང་ཁུལ་སོ་སོའི་ཁྲིམས་འཛིན་ཅུའུ་ཡི་མགོ་ཁྲིད་པ་དང་བཅའ་ཁྲིམས་རོགས་སྐྱོར་བྱ་འགུལ་ལ་བརྟེན་ནས་དམངས་ལ་དོན་བཟང་སྒྲུབ་པའི་དམིགས་འབེན་འགན་ཁུར་ཡི་གེ་བཀོད། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ལིག་ཀྲི་ཆང་དང་། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཀའོ་དབྱི་གཉིས་གྲོས་ཚོགས་སུ་ཞུགས་པ་དང་། ལིག་ཀྲི་ཆང་གིས་བཅའ་ཁྲིམས་རོགས་སྐྱོར་བྱ་འགུལ་ལ་བརྟེན་ནས་དམངས་ལ་དོན་བཟང་སྒྲུབ་པའི་བྱ་བ་དངོས་འབེབས་བཟང་བོ་བྱེད་པའི་ཐད་ནས་གཏམ་བཤད།

ལིག་ཀྲི་ཆང་གིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་དེང་སྐབས་སྤེལ་བའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་དང་ཟུང་དུ་སྦྲེལ་ནས། བཅའ་ཁྲིམས་རོགས་སྐྱོར་བྱ་འགུལ་ལ་བརྟེན་ནས་དམངས་ལ་ཞབས་ཕྱི་སྒྲུབ་པའི་ནང་དོན་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། མང་ཚོགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བཅའ་ཁྲིམས་རོགས་སྐྱོར་ལ་བརྟེན་ནས་དམངས་ལ་སྟབས་བདེ་བཟོ་བའི་བྱ་བ་རྒྱུན་ལྡན་ཅན་དུ་གཏོང་བ་བཅས་བྱས་ཏེ། བཅའ་ཁྲིམས་རོགས་སྐྱོར་བྱ་བ་གཞི་རིམ་དུ་སྤེལ་བ་དང་མང་ཚོགས་དང་དམ་དུ་སྦྲེལ་དགོས། ཆ་རྐྱེན་དང་མཐུན་པའི་དབུལ་ཕོངས་མང་ཚོགས་ལ་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུ་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དོན་དག་དེ་བཅའ་ཁྲིམས་རོགས་སྐྱོར་གཞི་ཁྱོན་དུ་བཞག་སྟེ། དབུལ་ཕོངས་མང་ཚོགས་ལ་བཅའ་ཁྲིམས་རོགས་སྐྱོར་བྱ་བ་ལོངས་སུ་སྤྱོད་དུ་འཇུག་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག