མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དྲིལ་སྒྲོག་མཐའ་འཁྱོལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-23 11:26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས21ཉིན།མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ།རྒྱལ་ཡོངས་ཚོགས་ཆེན་གཉིས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅེན་ཕིན་གྱིས་ཚོགས་ཆེན་གཉིས་ཀྱི་སྐབས་གནངས་བའི་གསུང་བཤད་གལ་ཆེན།ཙུང་ལི་ལིས་ཁི་ཆང་གིས་རང་ཞིང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པའི་སྐབས་གནངས་བའི་གསུང་བཤད་བཅས་ཀྱི་དགོངས་དོན་དྲིལ་སྒྲོལ་མཐའ་འཁྱོལ་བྱས་པར་མ་ཟད།ད་དུང་དམིགས་འབེན་འགན་འཁྲི་དཔྱད་ཞིབ་དང་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ།བདེ་འཇགས་ཐོན་སྐྱེད་སོགས་བྱ་གཞག་གལ་ཆེན་ལ་ཞིབ་འཇུག་ཀྱང་བྱས།

ཚོགས་འདུ་ལས་བསྟན་དོན།ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་བཅས་ལ་སློབ་སྦྱོང་མཐའ་འཁྱོལ་བྱེད་པ་དང་།སྒོ་ཀུན་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལས་གཞིར་ཕན་པའི་ཚོགས་ཆེན་གལ་ཆེན་གཉིས་ཡིན་པས།ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་ལྷོད་མེད་དང་སྒོ་ཀུན་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ།ཧུར་བརྩོན་ཆེན་པོས་ཁུལ་གསུམ་འཛུགས་སྐྲུན་བྱེད་པ།འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བཅས་ཀྱི་ཐབས་ཇུས་འོས་འགན་དང་དམ་སྦྲེལ་སྒོས།རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་ལེན་མཐའ་འཁྱོལ་གང་ལེགས་བྱེད་དགོས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅེན་ཕིན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་བྱེད་དགོས་པ་མ་ཟད།བྱ་བར་མཛུབ་སྟོན་བཟང་བོ་བྱས་ནས།མཚོ་སྔོན་གྱི་བསམ་བློས་ཕྱུག་པའི་མཐོ་སྒང་གསར་བ་འཛུགས་སྐྲུན་བྱེད་དགོས།སྒོ་ཀུན་ནས་བཅོས་སྒྱུར་ཟབ་སྤེལ་དང་གསར་བསྐྲུན་གྱི་དགེ་མཚན་བརྩོན་ལེན་བྱས་ནས།བསྟུན་མུར་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་བ་སྣོན་དགོས།སྔར་ལས་མི་གཞི་རྩར་འཛིན་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས།སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ཁུངས་སྔོག་འདོན་གྱི་བྱ་གཞག་གལ་ཆེན་གཉིས་ལེགས་པོར་བསྒྲུབ་དགོས།སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་ལ་བརྟེན་ནས་ཞིང་ཆེན་སྐྱོང་བའི་ཐབས་ཇུས་ལག་བསྟར་དངོས་འབེབས་བྱས་ནས།ཁྲིམས་ཀྱིས་བཅོས་སྒྱུར་བརྟན་བརླིང་ངང་འཕེལ་བར་འགན་ལེན་ཁག་ཐེག་དང་སྒུལ་ཤུགས་བསྩོལ་དགོས།སྔར་ལས་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་བསྣན་ནས།དམངས་ཆེན་དང་སྲིད་གྲོས་ཀྱི་བྱ་བ་འཐུས་ཤོར་མེད་པའི་ངང་བསྒྲུབ་དགོས།

ཚོགས་འདུ་ལས་བསྟན་དོན།ཉིས་སྟོང་བཅུ་གསུམ་ལོའི་དམིགས་འབེན་དཔྱད་ཞིབ་བྱ་བས་ཀྲུང་དབྱང་གི་དཔྱད་འཇོག་དཔྱད་ཞིབ་ལམ་ལུགས་ལེགས་བཅོས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་དོན་གསར་བ་དང་རེ་བ་གསར་བ་ཐོག་མཐའ་བར་གསུམ་དུ་ལག་བསྟར་དངོས་འབེབས་བྱས་ནས།དཔྱད་ཞིབ་དཔྱད་འཇོག་མཇུག་འབྲས་ཀྱིས་ཅུང་ཆ་ཚང་བའི་སྒོ་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ།རྫོང་དང་ས་གནས་ཁ་ཤས་ཀྱི་བྱ་བའི་གྲུབ་འབྲས་མངོན་པར་མཚོན་ཡོད།ཉིས་སྟོང་བཅུ་བཞི་ལོར་མུ་མཐུད་དུ་མགོ་ཁྲིད་ཚན་ཁག་གི་དམིགས་འབེན་འགན་འཁྲི་དཔྱད་ཞིབ་དང་འཕེལ་རྒྱས་ཕན་འབྲས་དཔྱད་ཞིབ་ལམ་ལུགས་གཉིས་རྒྱུན་འཁྱོངས་དང་ལེགས་བཅོས་བྱས་ཏེ།བཅོས་སྒྱུར་གསར་སྐྲུན་དང་སྒྲིག་གཞི་ལེགས་སྒྱུར།སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་དཔྱད་ཞིབ་དབང་ཤུགས་ཇེ་ཆེར་གཏོང་དགོས།དམིགས་འབེན་དཔྱད་ཞིབ་བྱས་པ་བརྒྱུད་ནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་པ་ཞིག་འཛུགས་དགོས་པ་མ་ཟད།ད་དུང་ལས་བྱེད་པའི་དཔུང་སྡེ་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་སྟེང་དུ་ཞིང་ཆེན་ཡོངས་ཀྱི་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་འཕེལ་རྒྱས་གནས་ཚུལ་དང་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་གནས་ཚུལ་གཉིས་ཀྱི་བྱ་བའི་ཡར་ཞུ་ལ་ཉན་པ་མ་ཟད།«མཚོ་སྔོན་གྱི་ཏང་གཤིས་སྤྱོད་གཙང་འཛུགས་སྐྲུན་དང་འཕྲོ་བརླག་ལ་རྒོལ་བའི་དངོས་འབེབས་ཐབས་ཇུས»ལ་ཞིབ་བཤེར་གྲོས་མོལ་བྱས།

ཚོགས་འདུ་ལས་བསྟན་དོན།བདེ་འཇགས་ཐོན་སྐྱེད་ནི་རྒྱ་ཆེའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་འབྲེལ་བའི་ལག་གཞི་གལ་ཆེན་ཞིག་ཡིན་པས།ངེས་པར་གཟབ་ནན་དང་ལྟ་ཞིབ་ནན་མོ་བྱེད་དགོས།དེང་སྐབས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་རྣམ་པ་བརྟན་འཇགས་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་ནའང་།རྐྱེན་ངན་བར་ཆད་སྔར་བཞིན་གནས་ཡོད།དེ་བས།རིམ་པ་སོ་སོའི་ཏང་ཨུས་ཏང་གཤིས་སྤྱོད་གཙང་གི་འདུ་ཤེས་བརྟན་པོ་ཡིད་ལ་བཅངས་ནས།བདེ་འཇགས་ཐོན་སྐྱེད་ལ་སྣེ་ཁྲིད་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས་པ་མ་ཟད།བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་དཔལ་འབྱོར་གཉིས་དོ་མཉམ་ངང་འཕེལ་བ་མངོན་དུ་འགྱུར་འབད་འབུངས་ཧུར་བསྐྱེད་བྱེད་དགོས་ཟེར།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག