མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་སྐུལ་སྤེལ་ཚོགས་འདུ་བསྡུས་པ་དང་ཀྲང་ཅན་མེན་གྱིས་གཏམ་བཤད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-23 11:26

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་སྐུལ་སྤེལ་ཚོགས་འདུ་བསྡུས་ཏེ། རྗེས་མའི་བྱ་བར་བཀོད་སྒྲིག་ལེགས་པོ་བྱསཔ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཚོགས་འདུའི་སྟེང་དུ། ཉེ་བའི་ལོ་འདི་འགར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རིག་གནས་གནས་སྐོར་མཉམ་འདྲེས་ངང་འཕེལ་རྒྱས་སུ་གཏོང་བའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་ཡུལ་ལྗོངས་གཙོ་བོ་བཅས་ཀྱིས་རང་སྟེང་གི་དངོས་ཡོད་གནས་ཚུལ་ནས་མགོ་བརྩམས་ཏེ། སྤོབས་པ་ཆེན་པོས་འཚོལ་ཞིབ་དང་ལག་ལེན་དངོས་ལ་ཟབ་ཞུགས་བྱས་ནས། རིག་གནས་དང་གནས་སྐོར་ཐོན་ལས་གཉིས་རིམ་པ་མང་ལ་ཁྱབ་ཁོངས་ཡངས་པའི་ཁྲོད་མཉམ་འདྲེས་བྱེད་ཀྱིན་པའི་རྣམ་པ་མངོན་པར་འབད་པས། རིག་གནས་དང་གནས་སྐོར་ལས་རིགས་ཕྱོགས་གཉི་ག་འཕེལ་རྒྱས་སུ་འགྲོ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་གཉི་ག་ནས་ཕན་འབྲས་ལེན་པའི་རྣམ་པ་བཟང་བོ་བྱུང་ཡོད་ཅེས་བསྟན།

ཚོགས་འདུའི་སྟེང་དུ། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གནས་བབ་ཅུང་བཟང་ནའང་། ད་དུང་སྔར་བཞིན་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། རིམ་པ་བཞིན་དུ་ཇུས་འགོད་བྱས་ཏེ་ལག་ལེན་དོན་འཁྱོལ་ཡོང་བར་བྱེད་དགོས། ས་གནས་དང་ཡུལ་ལྗོངས་གཙོ་གྲས་ཀྱིས་རང་སྟེང་གི་ཐོན་ཁུངས་སྔོག་འདོན་བྱེད་པར་འཚོལ་ཞིབ་བྱེད་དགོས། རང་བྱུང་དང་མཛེས་ལྗོངས་དང་། མི་རིགས། ཆོས་ལུགས། གླུ་གར། བཟོ་རྩལ། རིག་གནས་རྩ་ཆེན། གནའ་ཤུལ། དམངས་སྲོལ། དུས་ཆེན་། སྤྱི་ཚོགས་བྱ་འགུལ་གལ་ཆེན་སོགས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས། མུ་མཐུད་དུ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཁྱད་ཆོས་ཡོད་པའི་མཁར་གྲོང་དང་གྲོང་རྡལ། སྡེ་བ་བཅས་འཛུགས་དགོས། མཛེས་སྡུག་གི་མཁར་གྲོང་དང་ཞང་། སྡེ་བ་བཅས་འཛུགས་སྐྲུན་བྱེད་པའི་བརྗོད་བྱ་དང་དམ་སྦྲེལ་གྱིས་མཁར་གྲོང་གི་ཕན་ནུས་མཐོར་འདེགས་སུ་བཏང་ནས་ཁྱད་ལྡན་མཁར་གྲོང་འཛུགས་པའི་ལས་གཞིར་སྐུལ་འདེད་གཏོང་དགོས། རིག་གནས་གནས་སྐོར་གྱི་ཚོང་རྫས་དང་ཐོན་རྫས་ཟམ་མ་ཆད་པར་གསར་སྤེལ་བྱེད་དགོས་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་དོ་དམ་ལམ་ལུགས་གསར་བསྐྲུན་དང་ཁྲོམ་རའི་རང་སྟོབས་རང་སྤེལ་གྱི་བྱེད་ནུས་གསོ་སྐྱོང་བྱེད་དགོས་ལ། ད་དུང་རིག་གནས་གནས་སྐོར་གྱི་མིང་གྲགས་ཐོན་རྫས་དྲིལ་སྒྲོག་བྱ་བ་གཙོ་གནད་དུ་བཟུང་ནས། མཚོ་སྔོན་གྱི་རིག་གནས་གནས་སྐོར་མཉམ་འདྲེས་ངང་འཕེལ་བར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་གྱིས་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག