མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུས་ཧྲུའུ་ཁུལ་གྱིས་ནུས་ཤུགས་ཡོད་ཚད་སྤྱད་དེ་གཙང་གསུམ་སྐྱེ་ཁམས་རིག་གནས་གནས་སྐོར་ཚོང་རྟགས་གསར་སྐྲུན་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-23 11:25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གནས་སྐོར་སླར་གསོ་བསྐྱར་སྐྲུན་གྱི་སྤྱིའི་བཀོད་སྒྲིག་ལྟར། 2014ལོར་ཡུས་ཧྲུའུ་ཁུལ་གྱིས་ནུས་ཤུགས་ཡོད་ཚད་སྤྱད་དེ་གནས་སྐོར་ལས་རིགས་ཁྱོན་ཡོངས་ནས་སླར་གསོ་བྱེད་པར་འབད་པ་བྱེད་རྒྱུ་ཡིན་པ་དང་། གཙོ་བོ་རྒྱལ་ཁབ་རིམ་པའི་གཙང་གསུམ་སྐྱེ་ཁམས་སྲུང་སྐྱོང་ཕྱོགས་བསྡུས་ཚོད་ལྟ་ཁུལ་འཛུགས་སྐྲུན་མཐུན་སྦྱོར་ལག་བསྟར་བྱས་པ་སོགས་གཙང་གསུམ་སྐྱེ་ཁམས་རིག་གནས་གནས་སྐོར་ཚོང་རྟགས་གསར་སྐྲུན་ལ་ཤུགས་སྣོན་པ་བརྒྱུད། གཙང་གསུམ་སྐྱེ་ཁམས་རིག་གནས་གནས་སྐོར་ཐོན་ལས་ཐད་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་བྱས།

2014ལོར་ཡུས་ཧྲུའུ་ཁུལ་གྱིས་རིག་གནས་དང་ཞིང་ཕྱུགས་ལས།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།  ཞབས་ཞུའི་ལས་རིགས།  ལས་སྣོན་ལས་རིགས་སོགས་ཐོན་ལས་དང་གཙང་གསུམ་སྐྱེ་ཁམས་རིག་གནས་གནས་སྐོར་ཐོན་ལས་བར་མཉམ་འབྲེལ་བྱས་པ་བརྒྱུད།  གཙང་གསུམ་སྐྱེ་ཁམས་རིག་གནས་གནས་སྐོར་དེའི་ཡུས་ཧྲུའུ་ཁུལ་གྱི་གཙོ་གནད་ཐོན་ལས་དུ་གྱུར་བ་དང་།  རྨང་གཞིའི་སྒྲིག་ཆས་དང་ཞབས་ཞུའི་སྒྲིག་ཆས་སོགས་མཐོར་འདེགས་སུ་གཏོང་རྒྱུ་རེད།

ཡུས་ཧྲུའུ་ཁུལ་གནས་སྐོར་ཅུའུ་ཡི་ཅུའུ་ཀྲང་ལིག་ལོས་ཀྲུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན།  ཡུས་ཧྲུའུ་ཁུལ་གནོད་འཚེ་རྗེས་ཀྱི་གནས་སྐོར་བསྐྱར་སྐྲུན་རྣམ་གྲངས9ཡོད་པ་དང་།  སྤྱིའི་མ་དངུལ་སྒོར་དུང་ཕྱུར1.3བཏང་ཡོད།  མིག་སྔའི་བར།  རྒྱ་ནག་མ་ཎེ་གཙོ་ཡིན་པའི་ལེགས་བཅོས་རྣམ་གྲངས་དང་།  རྒྱ་བཟའ་ཀོང་ཇོ་ལྷ་ཁང་སོགས་འཛུགས་སྐྲུན་རྣམ་གྲངས་ལེགས་འགྲུབ་བྱུང་།  རྗེས་མའི་ལོ་དུ་མའི་རིང་།  ཡུས་ཧྲུའུ་ཁུལ་གྱིས་ཁམས་པའི་རིག་གནས་ཐོན་ཁུངས་སྔོག་འདོན་བྱེད་པར་གཙོ་བྱས་ཏེ།  སྐྱེ་དགུ་གྲོང་རྡལ་ལྟེ་གནས་ཡིན་པའི་ཐང་བོད་གནའ་ལམ་དང་མཐོ་སྒང་གི་བརླན་ས།  ཁམས་པའི་དམངས་སྲོལ་དང་ཆོས་ལུགས་རིག་གནས་ས་ཁུལ་སོགས་མི་ཆོས་མཛེས་ལྗོངས་དང་རང་བྱུང་མཛེས་ལྗོངས།  དམངས་སྲོལ་སོགས་གཞི་གཅིག་ཏུ་འདྲེས་པའི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་གནས་སྐོར་བྱེད་ས་གསར་སྐྲུན་བྱེད་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག