མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-23 11:25

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཚེས20ཉིན་ཚོགས་པ་དང་། ཚོགས་ཐོག་ནས་ལོ་ལྔའི་ཁྲིམས་ལུགས་ཁྱབ་གདལ་བྱེད་ཐེངས་དྲུག་པའི་བྱ་བའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། དམངས་ཡོངས་ཀྱི་ཁྲིམས་ལུགས་འདུ་ཤེས་སྔར་ལས་ཇེ་མཐོ་དང་ཇེ་དྲག་ཏུ་གཏོང་བ་དང་། ཁྲིམས་ལུགས་དྲིལ་སྒྲོག་བྱ་བ་གཏིང་ཟབ་ཏུ་སྤེལ་བར་འཚོལ་ཞིབ་དང་གསར་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཀོང་རོང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིག་ཀྲི་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཀྲང་ཀོང་རོང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་བྱ་བ་གཙོ་བོ་དང་སྤྱི་ཚོགས་གཏན་འཇགས་ལ་གནོད་པ་བཟོ་བའི་གནད་དོན་གཙོ་བོ། དམངས་འཚོ་ལེགས་བསྒྱུར་ལ་ཞབས་འདེགས་ཞུ་བའི་ཁྱབ་ཁོངས་གཙོ་བོ། ཁྲིམས་ལུགས་སློབ་སྦྱོང་དང་ཁྲིམས་ལུགས་བརྩི་སྲུང་བྱེད་པ། ཁྲིམས་ལུགས་བཀོལ་སྤྱོད་བྱེད་མཁན་གཙོ་བོ་བཅས་དང་དམ་དུ་དམིགས་ནས། ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་སྤེལ་བ་དང་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱེད་དགོས་པ་དང་། དྲིལ་སྒྲོག་གི་རྣམ་པར་འཆར་འགོད་ཞིབ་མོ་དང་གསར་གཏོད་བྱས་ནས། མུ་མཐུད་དུ་ཁྲིམས་ལུགས་ལས་ཁུངས་དང་སློབ་གྲྭ ཞིང་སྡེ། སྡོད་ཁུལ། དགོན་སྡེ། ཁེ་ལས། སྡེ་ཁག་བཅས་སུ་བསྐྱོད་པའི་བྱེད་ཐབས་དང་ལམ་བུ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་རྒྱ་བསྐྱེད་དེ། དངོས་སུ་སྤེལ་བ་དང་གསལ་བོར་དྲིལ་སྒྲོག་བྱེད་པ། གོ་བར་བྱེད་པ། ཕན་འབྲས་ལེན་པ་བཅས་བྱེད་དགོས་ལ། ཏང་ཨུའི་མགོ་ཁྲིད་བྱེད་པ་དང་སྲིད་གཞུང་གིས་སྐུལ་འདེད་བྱེད་པ། མགོ་ཁྲིད་ཀྱིས་སྣེ་ཁྲིད་པ། སྤྱི་ཚོགས་ཡོངས་དེའི་ཁྲོད་ཞུགས་པའི་བྱ་བའི་སྒྲིག་སྲོལ་ཇེ་དྲག་ཏུ་བཏང་ནས། འགན་ནུས་སྡེ་ཁག་གི་མཛུབ་སྟོན་དང་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཐོན་ཁུངས་ལ་སྔར་ལས་ལེགས་སྒྲིག་བྱས་ཏེ། རིམ་པ་རེ་རེར་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བའི་ལས་འགན་ཡོད་པ་དང་མི་རེ་རེར་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བའི་འགན་ཁུར་ཡོད་པ། བྱ་བ་རེ་རེའི་ཁྲོད་དུ་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བའི་ནང་དོན་ཡོད་པའི་བྱ་བའི་སྤྱི་ཁོག་གི་མཉམ་ཤུགས་གྲུབ་པར་བྱེད་དགོས། མགོ་ཁྲིད་ལ་ཤུགས་སྣོན་པ་དང་། མགོ་ཁྲིད་ཚན་ཆུང་དང་དོན་སྒྲུབ་ལས་ཁུངས་། ཁོངས་གཏོགས་ལས་ཁུངས་འཐུས་ཚང་དུ་བཏང་ནས། གོང་འོག་མཉམ་འགུལ་དང་མཐུན་སྦྱོར་ཤུགས་ཡོད། ཕན་མཐོ་འཁོར་རྒྱུག་གི་བྱ་བའི་རྣམ་པ་ཞིག་ཆགས་པར་བྱེད་དགོས། གྲོན་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས། ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་བྱ་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་པ་བཅས་ཀྱི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག