མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས2014ལོའི་ཏང་གི་ལས་དོན་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-21 12:21

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་ཏང་གི་ལས་དོན་ཚོགས་འདུ་བསྡུས་ཏེ། 2014ལོའི་ཁོངས་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་བྱ་བ་དང་ཏང་གཤིས་སྲིད་གཙང་འཛུགས་སྐྲུན།བསམ་པའི་དཔལ་ཡོན་འཛུགས་སྐྲུན་བཅས་ཀྱི་བྱ་བར་བཀོད་སྒྲིག་བྱས།

ཚོགས་འདུའི་སྟེང་དུ། 2014ལོར་སློབ་གྲྭའི་ཁོངས་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་བྱ་བ་སྒྲུབ་པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅེན་ཕིན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐའ་འཁྱོལ་བྱེད་དགོས་པ་མ་ཟད། སློབ་སྦྱོང་དང་ཞབས་ཞུ། གསར་བསྐྲུན་བཅས་ཀྱི་ཁྱད་ཆོས་ལྡན་པའི་ཏང་གི་རྩ་འཛུགས་བྱ་བ་གཙོ་གནད་དུ་འཛིན་པ་དང་། ཞབས་ཞུའི་བྱ་བ་རྐང་འཛུགས་སར་བརྩིས་ནས། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བར་འབད་དེ། ཁོངས་གཏོགས་ཏང་འཛུགས་བྱ་བའི་ཚན་རིག་ཅན་གྱི་ཆུ་ཚད་ཟམ་མ་ཆད་པར་ཇེ་མཐོར་བཏང་ནས། སློབ་གླིང་ཁག་ནས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཕེལ་རྒྱས་འཆར་འགོད་ལ་སྐུལ་འདེད་གཏོང་བ་དང་ཁྱད་ཆོས་ཡོད་ལ་ཆུ་ཚད་མཐོ་བའི་ལས་བྱེད་པ་སྐྱེད་སྲིང་བྱེད་སའི་མཐོ་རིམ་སློབ་གླིང་འཛུགས་པར་ཆབ་སྲིད་ཀྱི་ཁག་ཐེག་བརྟན་པོ་ཞིག་འདོན་སྤྲོད་བྱེད་དགོས་ཞེས་བསྟན།

ཚོགས་ཐོག་ནས་སློབ་གྲྭའི་འགོ་ཁྲིད་དང་སྡེ་ཁག་སོ་སོའི་འགན་ཁུར་མི་སྣ།  ཏང་ཀྲུ་པུའུ་ཧྲུའུ་ཅི་བཅས་ཀྱིས་རིམ་པ་བགར་ནས་ཏང་ཀྲུ་པུའུ་ཡི་དམིགསད་འབེན་དོ་དམ་ལས་འགན་ཡི་གེ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན།  བསམ་པའི་དཔལ་ཡོན་འཛུགས་སྐྲུན་དམིགས་འབེན་ལས་འགན་ཡི་གེ་སྟེང་དུ་མིང་ཐོ་བཀོད་པ་དང་།  2013ལོའི་སྔོན་ཐོན་ཏང་ཀྲུ་པུའུ་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན།  ཏང་གི་ལས་དོན་སྒྲུབ་མཁན་ཕུལ་བྱུང་ཅན་བཅས་ལ་གཟེངས་བསྟོད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག