ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཁར་གྲོང་སྡོད་ཁང་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་ནས་ཤེས་གསལ་བྱུང་བ་ལྟར་ན། 2014ལོར་རང་ཞིང་གི་ཞིང་སྡེའི་སྡོད་ཁང་འཛུགས་སྐྲུན་གྱི་སྤྱིའི་གཞི་ཁྱོན་དུད་ཁྱིམ6.5ཡིན་ལ། བསྡོམས་པས་རོགས་དངུལ་སྒོར་དུང་ཕྱུར13.25བཀོད་སྒྲིག་བྱས་ཡོད་པ་དང་། མིག་སྔར་རོང་འབྲོག་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་པའི་རོགས་དངུལ་གཏན་འབེབས་བྱས།
2014ལོར་རང་ཞིང་གིས་ཞིང་སྡེའི་དབུལ་ཕོངས་མང་ཚོགས་ཀྱི་ཁང་རྙིང་ཁྲི2.5ལེགས་བཅོས་བྱེད་རྒྱུ་ཡིན་པ་དང་། བྱ་དགའི་རང་བཞིན་གྱི་མང་ཚོགས་སྡོད་ཁང་ཁྲི4དང་ནུས་ཁུངས་གྲོན་ཆུང་དཔེ་སྟོན་དུད་ཁྱིམ8000བཀོད་སྒྲིག་བྱས་ཡོད། ཞིང་སྡེའི་དབུལ་ཕོངས་མང་ཚོགས་ཀྱི་ཁང་རྙིང་ལེགས་བཅོས་བྱེད་པའི་རོགས་སྐྱོར་ཚད་གཞི་སྒོར2.2ནས་སྒོར་ཁྲི2.5འཕར་ཡོད་པ་དང་། ཞིང་སྡེའི་བྱ་དགའི་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དུད་ཁྱིམ་གྱི་རོགས་སྐྱོར་ཚད་གཞི་ཁྲི1.7བར་ལག་བསྟར་བྱེད་རྒྱུ་ཡིན་ལ། འབྲོག་པའི་གཏན་སྡོད་བཟོ་འགོད་དུད་ཁྱིམ་རེར་སྒོར་ཁྲི2.5ཡི་རོགས་སྐྱོར་ཚད་གཞི་ལྟར་བཀོད་སྒྲིག་བྱས་ཡོད་པ་དང་། མ་དངུལ་ཚང་མ་ཀྲུང་དབྱང་ནོར་སྲིད་ཀྱིས་འདོན་སྤྲོད་བྱས་པ་རེད། །