ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་གཙོ་འགན་ཁུར་བའི2010ལོའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གྲུབ་འབྲས་མ་དངུལ་སྤོ་བསྒྱུར་གཙོ་གནད་རྣམ་གྲངས་ཏེ། “ཡུས་ཧྲུའུ་ས་འགུལ་གནོད་ཐེབས་ས་ཁུལ་གྱི་ཕྱུགས་ལས་ཐོན་སྐྱེད་སླར་གསོ་ལག་རྩལ་གཅིག་བསྡུས་སྤོ་བསྒྱུར”ལ་མིག་སྔར་གྲུབ་འབྲས་ཞིབ་དཔྱད་བྱས་པ་དང་ཆུ་ཚད་རྒྱལ་ནང་གི་སྔོན་གྲས་སུ་ཚུད་ཡོད།
རྣམ་གྲངས་འདི་ཡུས་ཧྲུའུ་ས་ཁུལ་དུ་གནོད་ཕྱིའི་བསྐྱར་སྐྲུན་བྱེད་པའི་གནད་འགག་སྐབས་སུ། རྒྱུད་བཟང་ནོར་ལུག་གསོ་སྤེལ་དང་ཕྱུགས་རྩྭ་འདེབས་འཛུགས། ནད་འབུ་སྔོན་འགོག གཟན་ཆས་ཐོན་སྐྱེད་དང་ཁྱད་ལྡན་ནོར་ལུག་ཐོན་རྫས་གསར་བ་གསར་སྤེལ་ལས་སྣོན་བཅས་སྐྱེ་ཁམས་གནས་སྐོར་ལས་རིགས་འཛུགས་སྐྲུན་བཅས་ལ་ནུས་ཤུགས་ཆེན་པོ་ཐོན་ཡོད་ལ། རྣམ་གྲངས་སོ་སོའི་ལག་རྩལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་སོང་བ་བརྒྱུད། ཡུས་ཧྲུའུ་གནོད་འཚེ་རྗེས་ཀྱི་ཕྱུགས་ལས་བསྐྱར་སྐྲུན་ལ་དཔེ་སྟོན་དང་སྣེ་ཁྲིད་བྱེད་པའི་ནུས་པ་གལ་ཆེན་འདོན་བཞིན་ཡོད། །