ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མཐོ་སྒང་དུ་བཞད་པ”ཞེས་པའི་བྱ་འགུལ་ཞིན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་ཚ་ཧན་ཏའོ་ཤང་ཧོང་ཀུང་སྡེ་བ་རུ་སྤེལ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སའོ་ཉིན་བྱ་འགུལ་སྟེང་ཞུགས།
བྱ་འགུལ་ལས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཧོང་ཀུང་སྡེ་བའི“གསུམ་བཟང་གསུམ་གཅེས”མིག་དཔེ་ཁྱིམ་ཚང10ལ་གཟེངས་བསྟོད་བྱས་པ་དང་། ཧོང་ཀུང་སྡེ་བའི་བྱིས་གཉོར་ཁང་ལ་རིན་ཐང་སྒོར་ཁྲི10ཡི་བྱམས་སེམས་ཇ་ཁང་དང་སློབ་ཁྲིད་སྒྲིག་ཆས་ཞལ་འདེབས་སུ་ཕུལ་བ་མ་ཟད། ཨ་མ་དབུལ་བོ10ལ་ཨ་མའི་སྦྲག་འབོག་འགྲེམ་གཏོང་བྱས།
རྒྱུས་ལོན་པ་ལྟར་ན། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་འགོ་བརྩམས་པ་ནས་བཟུང་། ཞིང་ཆེན་བུད་མེད་མཉམ་འབྲེ་ལྷན་ཚོགས་ཀྱིས་སྔ་གཞུག་ཏུ་ཟི་ལིང་དང་མཚོ་བྱང་། རྨ་ལྷོ། ཡུས་ཧྲུའུ་སོགས་ས་ཁུལ་ནས“མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མཐོ་སྒང་དུ་བཞད་པ”ཞེས་པའི་བྱ་འགུལ་ཐེངས་མང་པོར་སྤེལ་ཞིང་། སྲིད་ཇུས་སྒྲོག་འགྲེལ་དང་རིག་རྩལ་འཁྲབ་སྟོན། རོགས་སྐྱོར་འཚམས་འདྲི་བྱེད་པ་སོགས་རྣམ་པ་བརྒྱུད་དེ། ས་གནས་སོ་སོ་རུ་ཏང་གི་ཆོས་ལུགས་སྲིད་ཇུས་དང་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་དྲིལ་བསྒྲགས་རྒྱ་ཆེན་པོ་སྤེལ་བ་དང་། སྤྱི་དམངས་ལེགས་པོ་དང་ཨ་མ་ལེགས་པོ། ཆུང་མ་ལེགས་པོ། མེས་རྒྱལ་ལ་དགའ་བ་དང་གཉེན་ཉེར་དགའ་བ། ཚེ་སྲོག་ལ་དགའ་བ”ཞེས་བརྗོད་དོན་ཡིན་པའི“གསུམ་བཟང་གསུམ་གཅེས”མིག་དཔེ་ཁྱིམ་ཚང200བདམས་པས། མི་རིགས་མཐུན་སྒྲིལ་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱེད་པར་སྐུལ་འདེད་བྱས། །