མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་མཚོ་སྔོན་གྱི་དངུལ་ལོར་ལས་ཁུངས་ཀྱི་བྱ་བར་རྟོག་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-21 12:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་ཚེས19དང་ཚེས20ཉིན་གཉིས་ལ་དངུལ་ལོར་ལས་ཁུངས་ཁ་ཤས་སུ་སོང་ནས་བཞུགས་མོལ་ཚོགས་འདུ་བསྡུས། ཁོས་རིམ་པ་སོ་སོའི་སྲིད་གཞུང་དང་དངུལ་ལོར་ལས་ཁུངས་སོ་སོས་སེམས་ཤུགས་གཅིག་སྒྲིམ་དང་། ཡིད་ཆེས་བརྟན་པོ། བཅོས་སྒྱུར་གསར་སྐྲུན། དཀའ་ཁག་ལ་ཁྱད་བསལ་བཅས་ཀྱི་སྒོ་ནས་སྲིད་གཞུང་གིས་དངུལ་ལོར་ལ་རྒྱབ་སྐྱོར་བྱེད་པ་དང་དངུལ་ལོར་གྱིས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་གཉིས་ཕན་ནུས་ལྡན་པར་གཅིག་གྱུར་བྱེད་པའི་རྣམ་པ་བཟང་བོ་ཆགས་པར་བྱེད་དགོས་ཞེས་བསྟན།

རྟོག་ཞིབ་བྱེད་སྐབས་ཧའོ་ཕིན་སྔ་གཞུག་ཏུ་དངུལ་ལོར་ལས་ཁུངས་བཞི་དང་ཞིང་ཆེན་དངུལ་ལོར་བྱ་བའི་གཞུང་སྒྲུབ་ཁང་སུ་སོང་ནས། དངུལ་ལོར་ལས་ཁུངས་རང་སྟེང་གི་ཚོང་གཉེར་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་ཞུ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས།

ཧའོ་ཕིན་གྱིས་རིམ་པ་སོ་སོའི་སྲིད་གཞུང་དང་སྲིད་གཞུང་སྡེ་ཁག་གིས་འབད་པ་ཆེན་པོའི་སྒོ་ནས་དངུལ་ལོར་བྱ་བར་རྒྱབ་སྐྱོར་བྱས་ནས། ནོར་སྲིད་ཀྱི་འདེགས་སྐྱོར་ནུས་པ་གལ་ཆེན་སྔར་ལས་བཟང་བོའི་སྒོ་ནས་འདོན་སྤེལ་བྱེད་དགོས་པ་དང་། ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་ཕན་ཚུན་བར་གཞོགས་འདེགས་དམ་པོ་བྱེད་པ། དངུལ་ལོར་བཀོལ་སྤྱོད་བྱེད་པའི་ཕན་ནུས་ཇེ་མཐོར་གཏོང་བ་བཅས་བྱས་ནས། དངུལ་ལོར་འཕེལ་རྒྱས་སུ་གཏོང་བར་ཁོར་ཡུག་ཅུང་བཟང་བོ་ཞིག་བསྐྲུན་དགོས་ཞེས་ནན་གྱིས་བསྟན། 

ཧའོ་ཕིན་གྱིས་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་དངུལ་ལོར་ལས་ཁུངས་ཀྱིས་མཚོ་སྔོན་གྱི་དོན་དངོས་དང་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་དང་ཟུང་དུ་སྦྲེལ་ནས། གསར་སྐྲུན་རང་བཞིན་གྱི་སྒོ་ནས་བཅོས་སྒྱུར་བྱེད་ཐབས་ལག་བསྟར་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་རྒྱུའི་རེ་བ་བཏོན། ཁོས་ཞིང་ཆེན་དངུལ་ལོར་ལས་ཁུངས་ཀྱིས་བཅོས་སྒྱུར་གསར་སྐྲུན་ཁྲོད་དུ་ཁྱོན་ཡོངས་ཀྱི་དངོས་ཤུགས་དང་ཚོང་གཉེར་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་དང་འགན་སྲུང་བྱས་ནས། “ས་ཁུལ་གསུམ”དང་། “རིམ་འཕར་པར་གཞི་གསུམ”བསྐྲུན་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག