མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་ཞིང་ཆེན་ཏང་ཨུ་དང་མཚོ་བྱང་ཁུལ་ཏང་ཨུའི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་རྐང་ཚ་རྫོང་གི་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-21 12:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས18ཉིན་ནས་ཚེས19ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གསུམ་པ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་ལྟ་སྐུལ་མཛུབ་སྟོན་ཡན་ལག་ཚན་ཆུང་གཉིས་པས་མཚོ་བྱང་ཁུལ་རྐང་ཚ་རྫོང་གི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་བྱས།

ལྟ་སྐུལ་མཛུབ་སྟོན་ཚན་ཆུང་སྔ་གཞུག་ཏུ་ལས་ཁུངས་ཁ་ཤས་དང་གཞི་རིམ་དུ་སོང་ནས། སྙན་ཞུ་ལ་ཉན་པ་དང་ཡུལ་དངོས་སུ་ལྟ་ཞིབ་བྱེད་པ། དམིགས་སུ་བཀར་ནས་གླེང་མོལ་བྱེད་པ། ཡིག་ཆར་ལྟ་ཀློག་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས་ལྟ་སྐུལ་མཛུབ་སྟོན་བྱས་པ་མ་ཟད། རྫོང་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོས་རྫོང་ཡོངས་ཀྱི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བར་ཉན། ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་རྐང་ཚ་རྫོང་གི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཚང་མས་གཅིག་གྱུར་གྱིས་བལྟས་ན། རྐང་ཚ་རྫོང་གིས་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་དུ། བསམ་བློའི་ཐད་ནས་དོ་སྣང་ཆེན་པོ་བྱས་པ་དང་འགུལ་སྐྱོད་ཐད་ནས་མགྱོགས་ཤིང་ཤུགས་ཡོད་ལ། སྔོན་འགྲོའི་གྲ་སྒྲིག་བྱ་བ་དམ་ཞིང་ཞིབ་ཕྲ་ཡིན་པ་དང་། དུས་རིམ་དང་པོའི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཞིང་། སྔ་མོ་ནས་སྤེལ་བ་དང་ནན་ཏན་གྱིས་འཛིན་པ། སྟོབས་ཤུགས་ཡོད་རྒུས་འཛིན་པ་བཅས་བྱས་པར་འདོད།

ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་ཆབ་སྲིད་གཙིགས་སུ་འཛིན་པ་དང་སྤྱི་ཡོངས་ལ་དམིགས་པའི་མཐོ་ཚད་ནས། བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གལ་ཆེན་རང་བཞིན་དང་བྲེལ་མྱུར་རང་བཞིན་ལ་རྒྱུས་ལོན་ཟབ་མོ་བྱས་ནས། གཅིག་གྱུར་གྱིས་བསམ་བློའི་ངོས་ཟིན་མཐོར་འདེགས་བྱེད་པའི་སྟེང་མུ་མཐུད་དུ་ཤུགས་འདོན་པ་དང་ཕན་འབྲས་ལེན་དགོས་པ་དང་། བསམ་འཆར་བསྡུ་ལེན་བྱེད་པའི་ཐད་ནས། བྱེད་ཐབས་སྔར་ལས་མང་བོ་སྤྱོད་པ་དང་མིག་རྒྱ་སྔར་ལས་ཆེར་བསྐྱེད་བྱས་ཏེ། མང་ཚོགས་དང་གླེང་མོལ་བྱེད་པ་དང་མང་ཚོགས་ལ་ལན་འདེབས་ཤེས་པར་བྱས་ནས། ཏང་ཡོན་དང་ལས་བྱེད་པས་མང་ཚོགས་བར་དུ་བརྗེ་རེས་བྱེད་པའི་ནུས་པ་ཇེ་ཆེར་གཏོང་དགོས་ཞེས་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག