མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བྱང་ཁུལ2013ལོའི་ཞིང་ཆེན་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་སྔོན་ཐོན་ས་ཁུལ་དུ་བདམས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-20 10:21

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་ཚོགས་འདུའི་སྟེང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དེ2013ལོའི་ཞིང་ཆེན་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་སྔོན་ཐོན་ས་ཁུལ་དུ་བདམས་པ་དང་། ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་ཐོབ་ནས་གཟེངས་བསྟོད་བྱས།

2013ལོར་མཚོ་བྱང་ཁུལ་ལ་གསར་འཛུགས་དང་མཐུད་སྐྲུན་གྱི་ཚོང་འགུག་ལས་གཞི་བསྡོམས་པས52ཡོད། དེའི་ནང་གསར་འཛུགས་ལས་གཞི8དང་མཐུད་སྐྲུན་ལས་གཞི44ཡོད། ལོ་ཧྲིལ་བོར་མ་དངུལ་སྒོར་དུང་ཕྱུར24.43བཏང་བས་ལོ་རྒྱུས་ཀྱི་ཆེས་མཐོ་བསྐྲུན། ལོ་མགོར་གཏན་འཁེལ་བྱས་པའི་གཞན་གྱི་མ་དངུལ་སྒོར་དུང་ཕྱུར20ཡི་དམིགས་ཚད་ལས་འགན་གྱི121.6%ལེགས་འགྲུབ་བྱས། དེའི་ནང་ཞིང་ཆེན་གཞན་པའི་མ་དངུལ་སྒོར་དུང་ཕྱུར20.79ཡོད་ལ། ཕྱོགས་ཡོངས་ནས་ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་མ་དངུལ་སྒོར་དུང་ཕྱུར20ཡི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱས། 2013ལོའི“མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི”སྟེང་། མཚོ་བྱང་ཁུལ་གྱི་ཆེད་དམིགས་གན་རྒྱ་འཇོག་པའི་མཛད་སྒོའི་སྟེང་ལས་གཞི19ལ་གན་རྒྱ་བཞག་པ་དང་གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར57.58ལ་སླེབས་པ་དང་། ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་གན་རྒྱའི་མ་དངུལ་སྒོར་དུང་ཕྱུར50ཡི་ལས་འགན་ལེགས་འགྲུབ་བྱས། “མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི”སྟེང་གན་རྒྱ་བཞག་པའི་ལས་གཞི་ལག་བསྟར་བྱེད་ཚད84.2%ལ་སླེབས་པ་དང་། ལས་གཞི་མགོ་རྩོམ་ཚད52.6%དང་མ་དངུལ་འབྱོར་ཚད17.73%ལ་སླེབས་པས། 2013ལོར་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་ལས་གཞི་ལག་བསྟར་བྱེད་ཚད་གྱི70%དང་ལས་གཞི་མགོ་རྩོམ་ཚད་ཀྱི50%། མ་དངུལ་འབྱོར་ཚད་གྱི15%ལས་འགན་ལེགས་འགྲུབ་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག