ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ3པའི་ཚེས17ཉིན་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་ཡོངས་ནས《རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འགྲིམ་འགྲུལ་ལམ་རྒྱུད་དང་གནས་སྐོར་མཛེས་ལྗོངས་ཁུལ་དང་དེའི་མཐའ་འཁོར་གྱི་ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་སྤེལ་བའི་སྐོར་གྱི་ལག་བསྟར་བསམ་འཆར》དེ་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་བཀོད་ནས་ལག་བསྟར་བྱེད་མགོ་བརྩམས། 2014ལོའི་ཟླ3པ་ནས་ཟླ6པའི་བར་དུ། མཚོ་སྔོན་གྱིས་གཅིག་བསྡུས་ཀྱིས་ལེགས་བཅོས་བྱ་འགུལ་བརྟན་བརླིང་ངང་སྤེལ་ཏེ། གཙོ་བོ་འགྲིམ་འགྲུལ་ལམ་རྒྱུད་དང་གནས་སྐོར་མཛེས་ལྗོངས་ཁུལ་དང་དེའི་མཐའ་འཁོར་གྲོང་སྡེའི་གད་སྙིགས་དང་གང་སར་བཟོ་སྐྲུན་བྱེད་པ། བྲིན་ཚོང་བདག་གཉེར་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། ད་ལོའི་གནས་སྐོར་རྫོགས་ལྡན་དུས་སྐབས་མ་སླེབས་ཡར་སྔོན་དུ་ཁོར་ཡུག་གནད་དོན་ཕྱོགས་ཡོངས་ནས་ལེགས་བཅོས་བྱེད་པར་ཁག་ཐེག་བྱེད་རྒྱུ་རེད། བསྟུད་མར་ལོ3རིང་མུ་མཐུད་དུ་ཕྱོགས་བསྡུས་ལེགས་བཅོས་བྱེད་པ་བརྒྱུད། 2016ལོའི་ལོ་མཇུག་བར་དུ་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་ལམ་རྒྱུད་དང་གནས་སྐོར་མཛེས་ལྗོངས་ཁུལ་དང་དེའི་མཐའ་འཁོར་གྱི་ཁོར་ཡུག་གཙང་ཞིང་སྐྱེ་ཁམས་མཛེས་པ། སྒྲིག་ཆས་ཆ་ཚང་བ། དོ་དམ་གོ་རིམ་ལྡན་པའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་རེད། །