མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོར་མཚོ་སྔོན་གྱིས་རོང་འབྲོག་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་ལ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར13.25གཏོང་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-03-20 10:21

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཤང་གྲོང་སྡོད་ཁང་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིས2014ལོར་ཞིང་སྡེའི་སྡོད་ཁང་འཛུགས་སྐྲུན་གཞི་ཁྱོན་ཁྱིམ་ཚང་ཁྲི6.5ཡིན་པ་དང་བསྡོམས་པས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར13.25བཀོད་སྒྲིག་བྱས་ཡོད། མིག་སྔར་རིགས་གསུམ་གྱི་རོང་འབྲོག་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་གྱི་བྱེ་བྲག་གི་ཁ་གསབ་བྱེད་ཐབས་གཏན་འཁེལ་བྱས་ཡོད།

2014ལོར་མཚོ་སྔོན་གྱིས་ཞིང་སྡེའི་སྡོད་ཁང་དཀའ་ངལ་མང་ཚོགས་ཀྱི་ཁང་རྙིང་བསྒྱུར་བཅོས་ཁྱིམ་ཚང་ཁྲི2.5ལག་བསྟར་བྱས་ཏེ། སྤྱིར་བཏང་མང་ཚོགས་ཀྱི་བྱ་དགའི་རང་བཞིན་གྱི་སྡོད་ཁང་ཁྲི4དང་བཟོ་སྐྲུན་ནུས་གྲོན་དཔེ་སྟོན་ཁྱིམ་ཚང8000བཀོད་སྒྲིག་བྱས་ཡོད། ཞིང་སྡེའི་དཀའ་ངལ་མང་ཚོགས་ཀྱི་ཁང་རྙིང་བསྒྱུར་བཅོས་ཁྱིམ་ཚང་ལ་ཆ་སྙོམས་ཀྱིས་ཁ་གསབ་མ་དངུལ་སྒོར་ཁྲི2.2ནས་སྒོར་ཁྲི2.5ལ་ཇེ་མཐོར་བཏང་ཡོད། སྤྱིར་བཏང་མང་ཚོགས་ལ་མུ་མཐུད་དུ2013ལོའི་ཞིང་སྡེའི་བྱ་དགའི་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ཁ་གསབ་མ་དངུལ་སྒོར་ཁྲི1.7གྱི་ཚད་གཞི་ལྟར་ཁ་གསབ་བྱེད་རྒྱུ་དང་། རུ་སྤོར་འབྲོག་དམངས་གཏན་སྡོད་བཟོ་འགོད་ལ་རྒྱལ་ཁབ་ཀྱིས་ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་སྒོར་ཁྲི2.5ཁ་གསབ་བྱེད་པ་དང་། ཞིང་ཆེན་རིམ་པའི་ཆ་སྡེབ་ཁ་གསབ་ཚད་གཞི་དེ་མཚོ་སྔོན་ལྷོ་རྒྱུད་དང་མཚོ་བསྐོར་ས་ཁུལ་དང་ཅུང་མི་འདྲ་བ་ཡིན། ཞིང་སྡེའི་སྡོད་ཁང་འཛུགས་སྐྲུན་ཁྲོད་བཟོ་སྐྲུན་ནུས་གྲོན་དཔེ་སྟོན་ཁྱིམ་ཚང་ལ་ཁྱིམ་ཚང་རེར་སྒོར་ཁྲི0.25ཡི་ཁ་གསབ་ཚད་གཞི་ལྟར་ལག་བསྟར་བྱེད་རྒྱུ་ཡིན་ལ། མ་དངུལ་ཚང་མ་ནི་ཀྲུང་དབྱང་གི་ཁ་གསབ་མ་དངུལ་ཡིན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག