མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཡུས་ལིན་གྱིས་ཚྭ་འདམ་གཞོངས་དཔལ་འབྱོར་འཁོར་རྒྱུག་ཚོད་ལྟ་ས་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-19 11:34

    ཀྲུང་གོའི་མི་རིགས་རླུང་འཕྲིན། ཚྭ་འདམ་གཞོང་དཔལ་འབྱོར་འཁོར་རྒྱུག་ཚོད་ལྟ་ས་ཁུལ་གྱི་བྱ་བའི་སྙན་ཞུ་ཚོགས་འདུ་ཚེས་བཅུ་བཞི་ཉིན་ཟི་ལིང་ནས་བསྡུས། གྲོས་ཚོགས་ནས་བྱ་བར་སྤྱི་བསྡོམས་བྱས་པ་དང་། རྗེས་ཕྱོགས་ཀྱི་བྱ་བ་སྣ་ཚོགས་ཀྱི་དམིགས་འབེན་དང་ལས་འགན་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད།

    ལོ་ཡུས་ལིན་གྱིས2013ལོའི་ཚོད་ལྟ་ས་ཁུལ་འཕེལ་རྒྱས་སུ་གཏོང་བའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། རྙོག་འཛིང་ཆེ་བ་དང་འགྱུར་ལྡོག་མང་པའི་དཔལ་འབྱོར་གནས་བབ་ཀྱི་མདུན་དུ་ཚོད་ལྟ་ས་ཁུལ་གྱིས་གླིང་ཁུལ་འཕེལ་རྒྱས་དང་ལས་གཞི་འཛུགས་སྐྲུན། ཚོང་འགུག་དངུལ་འདྲེན། མ་དངུལ་གཏོང་བ་དང་སྒྲིག་གཞི་གསར་གཏོད་སོགས་ཕྱོགས་ཀྱི་བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་ནས་དོ་དམ་ལམ་ལུགས་སྔར་ལས་འཐུས་ཚང་དུ་སོང་བ་དང་ཐོན་ལས་ཀྱི་ཚད་གཞི་སྔར་ལས་གསལ་བོ་ཡིན་པ། ལས་བྱེད་པ་དང་ལས་བཟོ་བར་བྱ་བའི་བརྩོན་སེམས་ལྡན་པས། འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་པ་དང་མདུན་སྐྱོད་ཀྱི་བགྲོད་ལམ་ཡངས་པོ་འདུག་ཟེར།

    ལོ་ཡུས་ལིན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ཚོད་ལྟ་ས་ཁུལ་གྱི“འཕེལ་རྒྱས་ལོ”དང“དངོས་འབེབས་ལོ”ཡིན། དཔལ་འབྱོར་མར་འགྲིབ་པ་དང་སྒྲིག་གཞི་སྙོམ་སྒྲིག་བྱེད་པའི་གནོན་ཤུགས་ཉིས་བརྩེགས་ཀྱི་མདུན་དུ་ནན་ཏན་སྒོས་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པ་དང་། རིགས་ལམ་གསལ་བར་བྱེད་པ། ཡིད་ཆེས་བརྟན་པོ་བྱས་ནས་དཔལ་འབྱོར་བརྟན་འཇགས་ངང་འཁོར་སྐྱོད་བྱེད་པར་འགན་སྲུང་བྱེད་དགོས་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག