མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ཞའོ་ཆིན་གྱིས་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཀྱི་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-19 11:34

    ཀྲུང་གོའི་མི་རིགས་རླུང་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཤར་ཕྱོགས་ཞིང་ལས་ས་ཁུལ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་ལིག་ཕན་རི་བོའི་གཅིག་བསྡུས་མུ་འབྲེལ་གྱི་དམིགས་བསལ་དཀའ་ཁག་ས་ཁུལ་ཡིན་ཞིང་། ས་དེའི་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་ལས་འགན་ཧ་ཅང་ལྗིད། སྤུན་ཟླའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཉམས་མྱོང་ལེན་པ་དང་བྱེད་ཐབས་ལ་སློབ་སྦྱོང་བྱས་ནས། དབུལ་སྐྱོར་མཁྲེགས་གཏོར་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པར་འཆར་གཞི་བཟང་བོ་འཐེན་ཆེད། ཟླ་གསུམ་པའི་ཚེས་བཅུ་གསུམ་ནས་ཚེས་བཅོ་ལྔ་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་ཞའོ་ཆིན་གྱིས་མཚོ་སྔོན་ཞིང་ཆེན་ཤར་ཕྱོགས་ཀྱི་ཞིང་ལས་ས་ཁུལ་གྱི་དབུལ་ཕོངས་རྫོང་ཁ་ཤས་ཀྱི་འགན་ཁུར་བློ་མཐུན་ཁྲིད་དེ་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཀུའུ་ཡོན་གྲོང་ཁྱེར་དུ་སློབ་སྦྱོང་དང་རྟོག་ཞིབ་བྱས། 

    སློབ་སྦྱོང་རྟོག་ཞིབ་བྱེད་སྐབས། ཝང་ཞའོ་ཆིན་སོགས་ཞིང་སྡེ་དང་སྡོད་ཁུལ། བཟོ་གྲྭ ཞིང་བ་ཁྱིམ་ཚང་བཅས་སུ་སོང་ནས་ཞིང་བ་མང་ཚོགས་དང་ཁ་བརྡ་བྱས་ནས་དབུལ་སྐྱོར་ལས་གཞིའི་འཆར་གཞི་དང་དངུལ་གཏོང་། གནས་སྤོར་ཡུལ་མི་བཀོད་སྒྲིག་དང་རྗེས་ཕྱོགས་ཀྱི་ཐོན་ལས་འཕེལ་རྒྱས་སོགས་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། ཕྱོགས་གཉིས་ཀྱིས་བཞུགས་མོལ་ཚོགས་འདུ་བསྡུས་ནས་བྱ་བའི་ཉམས་མྱོང་བརྗེ་རེས་བྱས་པ་དང་། འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་ཟབ་མོ་བྱས། ཝང་ཞའོ་ཆིན་གྱིས་བསྟན་དོན། མཚོ་སྔོན་ཤར་ཕྱོགས་ཀྱི་ཞིང་ལས་ས་ཁུལ་གྱིས་ནན་ཏན་སྒོས་ཀུའུ་ཡོན་གྲོང་ཁྱེར་གྱི་དབུལ་སྐྱོར་མཁྲེགས་གཏོར་གྱི་ཉམས་མྱོང་ལེན་པ་དང་བྱེད་ཐབས་ལ་སློབ་སྦྱོང་བྱས་ནས། གོ་སྐབས་འདུ་ཤེས་དང་། འགན་ཁུར་འདུ་ཤེས། དགོས་གཏུག་འདུ་ཤེས་བཅས་ཆགས་པར་བྱེད་དགོས་པ་དང་། ས་ཆ་རང་གི་དོན་དངོས་དང་ཟུང་དུ་སྦྲེལ་ནས། དབུལ་སྐྱོར་མཁྲེགས་གཏོར་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱ་བར་འཆར་གཞི་བཟང་བོ་འཐེན་ནས། རྒྱ་ཆེའི་མང་ཚོགས་ཀྱིས་རེ་བ་ཆེན་པོ་བྱེད་པའི་དོན་དག་དམ་འཛིན་དང་རྒྱུན་འཁྱོངས་བྱེད་དགོས་པ་དང་། དབུལ་ཕོངས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་བཀག་འགོག་ཐེབས་པའི་འབུར་ཐོན་གནད་དོན་བཅོས་སྒྱུར་བྱས་ཏེ། ཤུགས་ཆེན་པོས་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་ཐད་ཀྱི་ཆུ་ཚད་ཇེ་མཐོར་བཏང་ནས། མང་ཚོགས་ལ་ཁེ་ཕན་སྔར་ལས་མང་པོ་བསྐྲུན་དགོས་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག