མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-19 10:25

ཟླ3པའི་ཚེས14ཉིན། ཐེན་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་མ་རྡོ་རྗེ་ཚེ་བརྟན་གྱིས་མལ་ཁང་དུ་དཔེ་ཆར་ལྟ་བཞིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཐེན་ཆེན་རྫོང་གིས2012ལོར་རྫོང་ཡོངས་སུ་ལོ་གསུམ་གྱི་སློབ་ཞུགས་སྔོན་གྱི་སློབ་གསོའི་སློབ་ཡོན་མེད་པར་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་ཤིང་། ས་གནས་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི800ཡན་བཏང་ནས་བྱིར་གཉོར་ཁང་གི་སློབ་ཡོན་སྣ་ཚོགས་མེད་པར་བཏང་བས། ཐེན་ཆེན་རྫོང་གི་ཁྱིམ་ཐོ་ཡོད་པའི་བྱིས་པ་དག་བྱིས་གཉོར་ཁང་ནས་མཐོ་འབྲིང་བར་གྱི་ལོ15རིང་གི་སློབ་གསོའི་འགྲོ་གྲོན་མེད་པར་གཏོང་བ་མངོན་འགྱུར་བྱས་ལ། དེས་རིགས་སོ་སོའི་སློབ་མ5000ལྷག་གིས་སློབ་ཡོན་དང་དཔེ་རིན། མལ་ཁང་གི་རིན་པ། ཟ་རིན། སྨན་བཅོས་རིན་པ་སོགས་ཀྱི་འགྲོ་གྲོན་མེད་པར་བཏང་བའི་སྲིད་ཇུས་ལོངས་སྤྱོད་བྱས།  །

ཟླ3པའི་ཚེས14ཉིན། ཐེན་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་ར་སྐོར།

ཟླ3པའི་ཚེས14ཉིན། ཐེན་ཆེན་རྫོང་བྱིས་གཉོར་ཁང་དང་པོའི་སློབ་མ་བློ་གྲོས་རྒྱལ་མཚན་གྱིས་སློབ་ཁྲིད་སྟེང་དྲི་བར་ལན་འདེབས་བཞིན་པ།

ཟླ3པའི་ཚེས14ཉིན། ཐེན་ཆེན་རྫོང་བྱིས་གཉོར་ཁང་དང་པོའི་སློབ་མ་རྡོ་རྗེ་སྐྱིད་ཀྱིས་སློབ་གསེང་སྐབས་སུ་སིལ་ཏོག་ཟ་བཞིན་པ།

ཟླ3པའི་ཚེས14ཉིན། ཐེན་ཆེན་རྫོང་བྱིས་གཉོར་ཁང་དང་པོའི་སློབ་མ་པད་མ་སྒྲོལ་དབྱངས་ཀྱིས་གུང་ཟས་ཟ་བཞིན་པ།

ཟླ3པའི་ཚེས14ཉིན། ཐེན་ཆེན་རྫོང་བྱིས་གཉོར་ཁང་དང་པོའི་སློབ་མ་ཆོས་དབྱངས་ལྷ་མོས་སློབ་ཁྲིད་སྐབས་སུ་བོད་ཡིག་སྦྱང་བཞིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག