
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཧུར་ཐག་སྒོས་བོད་ཀྱི་འཚེམ་དྲུབ་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་མཛུབ་ཁྲིད་བྱས་ནས། ཀུང་ཟི་དང་ཞིང་ཁྱིམ། རྟེན་གཞི་བཅས་གཞི་གཅིག་ཏུ་སྦྲེལ་བའི་ཚོང་གཉེར་རྣམ་པ་གསར་སྐྲུན་བྱས་པ་དང་། ས་དེའི་ཁེ་ལས་གཙོ་གནད་དག་ལ་རྒྱབ་སྐྱོར་བྱས་ཏེ་བོད་ཀྱི་འཚེམ་དྲུབ་བཟོ་གྲྭ་བཙུགས་པ་མ་ཟད། རིན་མི་དགོས་པར་བོད་ཀྱི་འཚེམ་དྲུབ་ལག་རྩལ་གསོ་སྦྱོང་བྱེད་པའི་འཛིན་གྲྭ་སྒྲུབ་ནས་རོང་འབྲོག་པ་མང་པོ་བོད་ཀྱི་འཚེམ་དྲུབ་ཐོན་ལས་དར་སྤེལ་བྱེད་པའི་ལས་ལ་ཞུགས་སུ་བཅུག མིག་སྔར། མཚོ་ལྷོ་ཁུལ་དུ་བོད་ཀྱི་འཚེམ་དྲུབ་ལས་སྣོན་བྱེད་ས་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། བོད་ཀྱི་འཚེམ་དྲུབ་ལས་སྣོན་ལ་ཞུགས་པའི་རོང་འབྲོག་པ1200ལྷག་ལ་འཕར་ཡོད། བོད་ཀྱི་འཚེམ་དྲུབ་ལས་གནོན་བྱེད་པའི་ཐོན་ལས་འདི་ནི་ས་དེའི་རོང་འབྲོག་པ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་སྐྱོད་པའི་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་ཡོད། །