མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལའོ་ཧུའེ་ཉིན་གྱིས་འཐུས་མི་ཚོགས་པའི་གསར་འགོད་པ་དང་ལས་བྱེད་མི་སྣར་འཚམ་འདྲི་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-14 10:48

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མི་གྲོས་ཚོགས་ཐེངས་གཉིས་པ་མཇུག་སྒྲིལ་མ་ཐག མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལའོ་ཧུའེ་ཉིན་མཚོ་སྔོན་འཐུས་མི་རུ་ཁག་སྡོད་སར་ཕྱིན་ཏེ་བྱམས་བརྩེའི་ངང་ནས་གསར་འགོད་པ་དང་ལས་བྱེད་མི་སྣར་འཚམ་འདྲི་བྱས། ཧའོ་ཕིན་དང་ཝང་ཞའོ། མུའུ་ཏུང་བཅས་ཀྱང་འཚམ་འདྲི་ལ་ཞུགས།

ལའོ་ཧུའེ་ཉིན་འཁོར་དང་བཅས་པ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཕབ་སྐྲུན་ཁང་དུ་ཕྱིན་ནས་མི་དམངས་ཉིན་རེའི་ཚགས་པར་ཁང་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱི་གསར་འགོད་པར་ལག་འཇུ་བྱས་ཤིང་། ཚང་མའི་བྱ་བ་དང་འཚོ་བའི་གནས་ཚུལ་སྐོར་ནས་ཞིབ་ཕྲའི་ངང་ཁ་བརྡ་བྱས། ལའོ་ཧུའེ་ཉིན་གྱིས་བཤད་རྒྱུར། “ཚོགས་ཆེན་གཉིས”ལོ་རེར་ཚོགས་བཞིན་ཡོད་ནའང་གསར་འགྱུར་ཡང་ལོ་རེ་བཞིན་མང་པོ་ཡོད། ཚོགས་འདུའི་སྐབས་སུ། ང་ཚོ་མཚོ་སྔོན་གྱི་གསར་འགོད་ཚོགས་པས་བྱ་བར་འབད་བརྩོན་གྱི་འདུ་ཤེས་བཟང་བོ་རྒྱུན་འཁྱོངས་བྱས་ཏེ་མཚོ་སྔོན་འཐུས་མི་རུ་ཁག་དང་འཐུས་མི་རྣམས་ཀྱི་བསམ་ཚུལ་དུས་ལྟར་ཡང་དག་པའི་སྒོ་ནས་དྲིལ་སྒྲོག་བྱས་པར་བརྟེན། “ཚོགས་ཆེན་གཉིས”ཀྱི་དྲིལ་སྒྲོག་ལ་གྲུབ་འབྲས་གསར་བ་བླངས་ཡོད་པས་ཚང་མར་བཀའ་དྲིན་ཞུ།

དེའི་རྗེས་སུ། ལའོ་ཧུའེ་ཉིན་སོགས་ལས་བྱེད་མི་སྣའི་སྡོད་ཁང་དུ་སོང་ནས་ཁོ་ཚོར་འཚམ་འདྲི་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག