མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཁམས་ར་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དེ་རྒྱལ་ཁབ4Aརིམ་པའི་མཛེས་ལྗོངས་ཁུལ་དུ་སྙན་ཞུ་འབུལ་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-03-14 10:48

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཁམས་ར་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་མཛེས་ལྗོངས་ཁུལ་གྱིས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། ཤུགས་ཆེན་པོས་གནས་སྐོར་འགྲིམ་འགྲུལ་དང་སྣེ་ལེན་སྒྲིག་ཆས བདེ་འཇགས་འཕྲོད་བསྟེན། བདག་གཉེར་དོ་དམ། ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་ནས། ད་ལོར4Aརིམ་པའི་མཛེས་ལྗོངས་ཁུལ་དུ་སྙན་ཞུ་འབུལ་བའི་བྱ་བ་ལེགས་པོར་སྒྲུབ་ཏེ། སྔ་མོ་ནས་རྒྱལ་ཁབ་རིམ་པའི4Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་དུ་འགྱུར་བ་མངོན་འགྱུར་བྱེད་རྒྱུ་རེད།

མིག་སྔའི་བར་དུ། མཛེས་ལྗོངས་ཁུལ་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར2.3བཏང་ནས་སྔར་ལས་ལྷག་པའི་སྒོ་ནས་འབྲེལ་ཡོད་རྨང་གཞི་སྒྲིག་ཆས་འཐུས་ཚང་དུ་བཏང་ཡོད། མཚོ་སྔོན་རེབ་གོང་རིག་གནས་སྲུང་སྐྱོང་དང་གསར་སྤེལ་ཚད་ཡོད་ཀུང་ཟིས་རྒྱལ་སའི་གནས་སྐོར་ཀུང་ཟི་མངའ་འོག་གི་ཀྲུང་གོ་ཁང་ཧུའེ་གནས་སྐོར་ཁང་གི་ཁམས་རའི་གནས་སྐོར་ཁྱབ་གདལ་དང་གསར་སྤེལ་ལས་གཞི་ནང་འདྲེན་བྱས་ཏེ། པེ་ཅིན་མིན་ཕེན་ཀུང་ཟི་དང་མཉམ་འབྲེལ་བྱས་ནས་ཁམས་རའི་མཛེས་ལྗོངས་ཁུལ་དང་འཚམ་པའི་དྲིལ་སྒྲོག་དཔེ་དེབ་དང་དྲིལ་སྒྲོག་བརྙན་འཁོར་བཟོས་པ་མ་ཟད། 2013ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་གསར་འགྱུར་འཕྲིན་ལམ་གྱི་ཐད་གཏོང་ལེ་ཚན་ནས་ཁམས་རའི་མཛེས་ལྗོངས་ཁུལ་གྱི་ཡུལ་ལྗོངས་འགྲེམ་སྟོན་བྱས་ཏེ་མཚན་སྙན་ཇེ་ཆེར་བཏང་། ལས་གཞི་འདི་དག་ལེགས་འགྲུབ་བྱུང་བ་དང་མཛེས་ལྗོངས་ཁུལ་དྲིལ་སྒྲོག་བྱས་པ་དང་བསྟུན་སྤྱི་གླིང་གི་སྣེ་ལེན་ནུས་པ་དང་གནས་སྐོར་སྤུས་ཚད་ཚད་མཐོན་པོས་གོང་དུ་འཕེལ།

མིག་སྔར། ཁམས་ར་མཛེས་ལྗོངས་ཁུལ་གྱིས་རང་རྟོགས་རང་བཤེར་གྱི་བྱ་འགུལ་སྤེལ་བ་དང་། སྔ་མོ་ནས་ཇུས་འགོད་དང་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ནས་གནས་སྐོར་འགྲིམ་འགྲུལ་དང་སྣེ་ལེན་སྒྲིག་ཆས། བདེ་འཇགས་འཕྲོད་བསྟེན། བདག་གཉེར་དོ་དམ། ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་ཏེ། 4Aརིམ་པའི་མཛེས་ལྗོངས་ཁུལ་གྱི་དཔྱད་འཇོག་སྣེ་ལེན་ལ་གྲ་སྒྲིག་བྱས་ཤིང་། རྗེས་ཕྱོགས་སུ་རིམ་བཞིན་སྙན་ཞུའི་འབྲེལ་ཡོད་རྒྱུ་དག་ཡར་སྤྲད་དེ2014ལོར4Aརིམ་པའི་མཛེས་ལྗོངས་ཁུལ་དུ་སྙན་ཞུ་འབུལ་བའི་བྱ་བ་ལེགས་འགྲུབ་བྱེད་པར་བརྩོན་ལེན་དང་སྔ་མོ་ནས་རྒྱལ་ཁབ4Aརིམ་པའི་མཛེས་ལྗོངས་ཁུལ་དུ་འགྱུར་བ་མངོན་འགྱུར་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག