མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཁབ་ཀྱི་བོད་རིགས་དང་ཆྰང་རིགས། དབྱི་རིགས་རིག་གནས་ཐོན་ལས་ཁྱམས་རའི་ལས་གཞི་དེ་རིམ་བཞིན་མཚོ་སྔོན་ནས་ལག་བསྟར་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-03-14 10:47

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་ཀྱི་བོད་རིགས་དང་ཆྰང་རིགས། དབྱི་རིགས་རིག་གནས་ཐོན་ལས་ཁྱམས་རའི་ལས་གཞིའི་མཚོ་སྔོན་ཁུལ་ནི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། ཁུལ6གི་རྫོང(གྲོང་ཁྱེར)30བཅས་ལ་ཁྱབ་ཡོད་པ་དང་། བསྡོམས་པས་རིག་གནས་ཐོན་ལས་ལས་གཞི23འཆར་འགོད་བྱས་ཡོད་ལ། སྤྱིའི་མ་དངུལ་སྒོར་དུང་ཕྱུར29.08ལ་སླེབས་ཡོད། ལས་གཞི་འདི་ད་ལོར་རིམ་བཞིན་མཚོ་སྔོན་ནས་ལག་བསྟར་བྱེད་རྒྱུ་རེད།

བོད་རིགས་དང་ཆྰང་རིགས། དབྱི་རིགས་རིག་གནས་ཐོན་ལས་ཁྱམས་རའི་ལས་གཞིའི་མཚོ་སྔོན་ཁུལ་གྱིས་རྨ་ལྷོ་ཁུལ་ལྟེ་བར་བཟུང་སྟེ། མཚོ་བྱང་དང་མཚོ་ལྷོ། མཚོ་ནུབ། མགོ་ལོག ཡུས་ཧྲུའུ་བཅས་ཁུལ5ལ་འཕྲོ་འགྱེད་བྱས་ཏེ། ཟི་ལིང་གྲོང་ཁྱེར་དེ་སྒྲོག་ཐག་ལྟ་བུར་བརྩིས་ནས། མཚོ་སྔོན་པོ་མཐའ་བསྐོར་དང་རྨ་འབྲི་རྫ་གསུམ། རེབ་གོང་སྒྱུ་རྩལ་སོགས་རིག་གནས་ཚན་ཁག་འབུར་ཏུ་གཏོད་རྒྱུ་རེད། ཐང་བོད་གནའ་ལམ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ཁུལ། མཚོ་སྔོན་པོ། མཚོ་བོད་ལྕགས་ལམ(གཞུང་ལམ)། རྨ་ཆུའི་འགྲམ་རྒྱུད་བཅས་ལ་བརྟེན་ནས་ཤུགས་ཆེན་པོས་ཁྱད་ལྡན་རིག་གནས་ཐོན་ལས་ར་བ་ཁུལ་འཛུགས་སྐྲུན་ལག་བསྟར་བྱས་ཏེ། རྒྱལ་ཁབ་དང་ནུབ་རྒྱུད་ས་ཁུལ་གྱི་ཁྱད་ཆོས་མངོན་གསལ་ལྡན་པའི་རིག་གནས་ཐོན་ལས་ཁྱམས་ར་འཛུགས་རྒྱུ་རེད། བོད་རིགས་དང་ཆྰང་རིགས། དབྱི་རིགས་རིག་གནས་ཐོན་ལས་ཁྱམས་རའི་ལས་གཞིའི་མཚོ་སྔོན་ཁུལ་གྱི་ནང་དོན་ལ་གེ་སར་རིག་གནས་དང་རེབ་གོང་རིག་གནས། ཐང་བོད་རིག་གནས། ཁུ་ནུ་རིག་གནས་སོགས་ཀྱི་ཐོན་ཁུངས་ལྡན་པ་དང་། རིག་དངོས་གནའ་ཤུལ་མང་ལ། རིག་གནས་ཤུལ་བཞག་ཕུན་སུམ་ཚོགས་པ་ལྡན། བོད་རིགས་དང་ཆྰང་རིགས། དབྱི་རིགས་རིག་གནས་ཐོན་ལས་ཁྱམས་རའི་ལས་གཞི་དེ་མཚོ་སྔོན་དང་སི་ཁྲོན། ཡུན་ནན། བོད་ལྗོངས། ཀན་སུའུ། ཧྲན་ཞི་སོགས་ཞིང་ལྗོངས་དྲུག་ལ་ཁྱབ་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག