མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་ལག་རྩལ་ཡར་ཐོན་ཅན་དུ་བཏང་ནས་མང་དྲགས་ཐོན་ནུས་ཐག་གཅོད་པའི་སྐུལ་སློང་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-14 10:47

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 3པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་ལག་རྩལ་ཡར་ཐོན་ཅན་དུ་བཏང་ནས་མང་དྲགས་ཐོན་ནུས་ཐག་གཅོད་པའི་བྱ་བའི་སྐུལ་སློང་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་གྱིས་ཚོགས་འདུའི་སྟེང་ཕྱོགས་གཅིག་ནས་ཁེ་ལས་ཀྱི་ལག་རྩལ་ཡར་ཐོན་དང་ལས་གཞི་གལ་ཆེན་གྱི་ལག་བསྟར་དམ་འཛིན་བྱེད་པ་དང་། ཕྱོགས་གཞན་ནས་རྗེས་ལུས་ཀྱི་ཐོན་ནུས་བཀོལ་མཚམས་འཇོག་པ་དང་ནུས་ཁུངས་གྲོན་ཆུང་དང་ཟད་ནུས་ཇེ་ཉུང་དུ་གཏོང་བའི་བྱ་བ་དམ་འཛིན་བྱས་ཏེ། “སྤོར་ཟློག་དམ”གསུམ་གྱི་བྱ་བ་དངོས་སུ་ནན་སྒྲུབ་བྱས་ནས། བཟོ་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་ཞེས་ནན་གྱིས་བསྟན།

ལོ་ཡུས་ལིན་གྱིས་བྱ་བ་འདི་གཉིས་སྒྲུབ་པའི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། གཅིག་གྱུར་གྱིས་བཀོད་སྒྲིག་འཆར་འགོད་དང་མཐུན་སྦྱོར་སྒོས་སྤེལ་དགོས་པ་མ་ཟད། གནད་ཆེ་ས་འབུར་དུ་ཐོན་པར་བྱེད་པ་དང་གནད་འགག་དམ་དུ་འཛིན་དགོས། “སྤོར”ཞེས་པ་ནི་སྔར་ལས་ཧུར་ཐག་གིས་ཁེ་ལས་ཀྱིས་ལག་རྩལ་བསྒྱུར་བཀོད་བྱེད་པར་ཁྲིད་སྟོན་དང་སྐུལ་སློང་བྱས་ཏེ། གསར་སྐྲུན་ལ་བརྟེན་ནས་རིམ་པ་སྤོར་བར་རྒྱབ་སྐྱོར་བྱེད་པར་ཟེར། “ཟློག”ཅེས་པ་ནི་སྔར་ལས་རང་འགུལ་དང་གོ་རིམ་ལྡན་པའི་སྒོ་ནས་ཁྲོམ་རའི་ཕྱིར་ཟློག་སྒྲིག་ལུགས་བཀོལ་ནས་རྗེས་ལུས་ཀྱི་ཐོན་ནུས་རྩ་བ་ནས་བཀོལ་མཚམས་འཇོག་པར་ཟེར། “དམ”ཞེས་པ་ནི་སྔར་ལས་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་སྲིད་གཞུང་དང་ཁྲོམ་རའི་མཐའ་མཚམས་དོན་ངོ་མས་གསལ་བོར་ཕྱེས་ཏེ། ཁྲོམ་རའི་གསོན་ཤུགས་སྣ་ཚོགས་ཆེས་ཆེར་བསྐྱེད་པར་ཟེར་ཅེས་བཤད།

ལོ་ཡུས་ལིན་གྱིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ཁེ་ལས་སོ་སོས་ངེས་པར་དུ་གནད་ཆེ་ས་འབུར་དུ་ཐོན་པར་བྱེད་པ་དང་དངོས་འབེབ་དམ་འཛིན་བྱེད་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག