མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་འཐུས་མི་ཚོགས་པས་བསྡོམས་པས་གྲོས་གཞི126བཏོན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-03-13 11:05

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས11ཉིན་བར་དུ། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་པས་ཚོགས་ཆེན་ལ་བསྡོམས་པས་གྲོས་གཞི126བཏོན། ད་ལོར་མཚོ་སྔོན་འཐུས་མི་ཚོགས་པས་བཏོན་པའི་གྲོས་གཞིར་གྲངས་ཀ་མང་བ་དང་སྤུས་ཚད་མཐོ་ལ། ཁྱབ་རྒྱ་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན།

ཚོགས་འདུ་སྐབས། འཐུས་མིས་མཚོ་སྔོན་གྱི་དངོས་ཡོད་གནས་ཚུལ་ལ་རྐང་བཙུགས་ཏེ། ནན་ཏན་སྒོས་བཅའ་ཁྲིམས་དང་ཁྲིམས་ལུགས་ཀྱིས་བསྩལ་བའི་འགན་འཁྲི་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་གི་ཕྱོགས་ཡོངས་དང་། ཁུལ་གསུམ་འཛུགས་སྐྲུན་དང་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་དོ་སྣང་བྱེད་པའི་གནད་དོན་ལ་དམིགས་ནས་ཧུར་བརྩོན་གྱིས་བསམ་འཆར་དང་གྲོས་གཞི་གྲ་སྒྲིག་བྱས། སྙན་ཞུར་ཕུལ་བའི་གྲོས་གཞི126ཁྲོད། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར་དང་མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་འོད་ནུས་ཐོན་ལས་ཚན་རྩལ་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་སྐོར་གྱི་བསམ་འཆར། མཚོ་སྔོན་བོད་ཁུལ་གྱི་སྒེར་ཚུགས་གློག་དྲ་བཟོ་འགོད་ལ་རོགས་སྐྱོར་བྱེད་པའི་སྐོར་གྱི་བསམ་འཆར་སོགས་གྲོས་གཞི7མཚོ་སྔོན་འཐུས་མི་ཚོགས་པའི་མིང་ཐོག་ནས་ཚོགས་ཆེན་ལ་སྙན་ཞུ་ཕུལ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་མི་དོན་འཐུས་མི་འདེམས་བསྐོ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དབྱང་མུའུ་ཧྥེ་ཡིས་མཚམས་སྦྱོར་བྱེད་རྒྱུར། འཐུས་མི་རུ་ཁག་གིས་ཐེངས་མང་པོར་ཚོགས་འདུ་བསྡུས་ནས་ཞིབ་འཇུག་གྲོས་བསྡུར་བྱས། ལོ་སྔོན་མ་དག་དང་བསྡུར་ན། གྲོས་གཞིའི་ཁ་གྲངས་ཇེ་མང་ལ་སོང་བ་དང་སྤུས་ཚད་ཀྱང་ཇེ་ལེགས་སུ་སོང་ཡོད་ལ། ནང་དོན་ཁྱབ་རྒྱའང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་ལེགས་བཅོས། ཁྲིམས་སྐྱོང་འཛུགས་སྐྲུན་སོགས་ཕྱོགས་མང་པོར་ཁྱབ་ཡོད་པས་ཡོངས་ཁྱབ་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་ཁྱད་ཆོས་ལྡན། ། 

  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག