མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་མཐོ་སྒང་གི་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ཤང་སྡེ300འཛུགས་སྐྲུན་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-13 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས12ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཐོ་སྒང་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། 2014ལོར་ཞིང་ཆེན་ཡོངས་ཀྱི“མཐོ་སྒང་མཛེས་སྡུག་ཤང་སྡེ”300འཛུགས་སྐྲུན་བྱེད་རྒྱུའི་འཆར་འགཞི་བཟོས་ཡོད། དེའི་ནང་ཟི་ལིང་གྲོང་ཁྱེར58དང་མཚོ་ཤར་གྲོང་ཁྱེར་ལ126། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ34། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལ22། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ལ15། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ21། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ12། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ལ12བཅས་ཡོད།

མཐོ་སྒང་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་བྱེད་པའི་བྱ་བ་དེ2014ལོའི་ཟླ1པོ་ནས་མགོ་བརྩམས་ཤིང་། ཟླ12པར་མཇུག་བསྒྲིལ་རྒྱུ་ཡིན་ལ། མགོ་རྩོམ་པ་དང་ལག་བསྟར་བྱེད་པ། ཞིབ་བཤེར་ཚད་ལེན་བཅས་དུས་སྐབས་གསུམ་དུ་བགོས་ཡོད། མགོ་རྩོམ་པའི་དུས་སྐབས་ནི་ཟླ1པོ་ནས་ཟླ2བའི་བར་ཡིན་ལ། མཐོ་སྒང་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་གྱི་སྡེ་བ་དཔྱད་འདེམས་དང་ཞིབ་བཤེར་རྩད་གཅོད་བྱེད་པ། ཁ་གཏད་རོགས་འཛུགས་ལས་ཁུངས་བཀོད་སྒྲིག་མཐུན་སྦྱོར་བྱས་ནས་ལག་བསྟར་བྱེད་ཐབས་གཏན་འཁེལ་བྱེད་རྒྱུ་རེད། གྲོང་ཁྱེར(ཁུལ)དང་རྫོང་སོ་སོས་མགོ་རྩོམ་སྐུལ་སློང་ཚོགས་འདུ་བསྡུས་ཏེ་སྡེ་བ་འཛུགས་སྐྲུན་གྱི་བྱ་བ་བཀོད་སྒྲིག་བྱེད་པ་དང་། རིམ་པ་བགར་ནས་རྫོང་དང་ཤང(གྲོང་རྡལ)། སྡེ་བའི་ལས་བྱེད་པ་གསོ་སྦྱོང་བྱས་ཏེ་བྱ་བའི་གོ་རིམ་ལ་རྒྱུས་ལོན་བྱེད་དུ་འཇུག་རྒྱུ་རེད།

ལག་བསྟར་བྱེད་པའི་དུས་རིམ་ནི་ཟླ3པ་ནས་ཟླ10བའི་བར་ཡིན་ལ། མཐོ་སྒང་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་བྱེད་པའི་ཁ་གཏད་རོགས་སྐྱོར་ལས་ཁུངས་ཀྱི་བྱ་བའི་ཚན་ཆུང་སྡེ་བའི་ཁྱིམ་ཚང་དུ་བསྐྱོད་ནས“ཨུ་ཡོན་ལྷན་ཚོགས་གཉིས”ལ་རོགས་སྐྱོར་བྱས་ཏེ་ཧུར་རྩོན་གྱིས་ལས་གཞི་མགོ་རྩོམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཟླ6པའི་ཟླ་མཇུག་ཏུ་དུས་སྐབས་བར་མའི་བྱ་བའི་སྙན་ཞུ་ཚོགས་འདུ་བསྡུས་ཏེ་ལས་གཞིའི་མ་དངུལ་དངོས་འབེབས་ལ་ལྟ་སྐུལ་དང་། བཟོ་འགོད་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་བཟོ་འགོད་ཀྱི་སྤུས་ཚད་ལ་ཁག་ཐེག་བྱེད་རྒྱུ་རེད།

ཞིབ་བཤེར་ཚད་ལེན་དུས་སྐབས་ནི་ཟླ11པ་ནས་ཟླ12པའི་བར་ཡིན་ལ། ཞིབ་དཔྱད་ཚད་ལེན་ཚན་ཆུང་རྩ་འཛུགས་དང་ཞིབ་བཤེར་ཚད་ལེན་བྱེད་ཐབས་གཏན་འཁེལ་བྱས་ཏེ་ས་ཁུལ་སོ་སོའི་མཐོ་སྒང་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་གནས་ཚུལ་ལ་ལོ་ཧྲིལ་བོའི་ཞིབ་བཤེར་ཚད་ལེན་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག