མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པ་མཇུག་བསྒྲིལ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་མཇུག་བསྒྲིལ། ཞི་ཅིན་ཕིན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ལིག་ཡུང་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཞུགས་པ་དང་ཡུས་ཀྲིན་ཧྲིན་གྱིས་མགོ་འཛིན་བྱས།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-12 16:28

ཟླ3པའི་ཚེས12ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་མཇུག་བསྒྲིལ།

ཟླ3པའི་ཚེས12ཉིན།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་མཇུག་བསྒྲིལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་མཇུག་སྒྲིལ་ཚོགས་འདུ་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་སོ་སོ་ལེགས་པར་གྲུབ་ནས་ཚེས12ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོ་ནས་རྒྱལ་ཁའི་ངང་མཇུག་བསྒྲིལ། ཚོགས་འདུས་མི་དམངས་སྲིད་གྲོས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་ཚོགས་ཞུགས་ལས་ཁུངས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕིན་གྱི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་དོན་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་སྟེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཐེངས་གཉིས་པ། ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། བློ་གཅིག་སེམས་གཅིག་གིས་བྱ་བར་འབད་བརྩོན་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་པར་སྐུལ་སློང་བྱས།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་མཇུག་བསྒྲིལ་ཚོགས་འདུ་ལ་མགོ་འཛིན་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིན་ལིན་དང་ལིས་ཅི་ཧྭ། ཧན་ཆི་ཏི། འཕགས་པ་ལྷདགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ལིན་ཝིན་ཆི། ལའོ་ཧྥུ་ཧི། ཧི་ཧིས་ཧྭ། ཀྲང་ཆིན་ལིས། ལིས་ཧའེ་ཧྥིན། སུའུ་རོང་། ཁྲིན་ཡོན། ལུའུ་ཀྲན་ཀོང་། ཀྲོའུ་ཞའོ་ཁྲོན། ཝང་ཅ་རོས། ཝང་ཀྲིན་ཝེ། མ་པེའོ། ཆི་ཞུའུ་ཁྲུན། ཁྲིན་ཞའོ་ཀོང་། མ་ཕེ་ཧྭ། ལིག་ཞའོ་ཧྥིན། ཝང་ཆིན་མེ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།

    ཞི་ཅིན་ཕིན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ལིག་ཡུང་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།

    སྔ་དྲོའི་དུས་ཚོད9སྟེང་། མཇུག་སྒྲིལ་ཚོགས་འདུ་མགོ་བརྩམས། ཡུས་ཀྲིན་ཧྲིན་གྱིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་དགོས་པའི་ཨུ་ཡོན་མི2229དང་། དེ་རིང་དངོས་སུ་འབྱོར་བའི་ཨུ་ཡོན་མི2143ཡོད་པས་གཏན་འཁེལ་གྱི་མི་གྲངས་དང་མཐུན་པ་ཁྱབ་བསྒྲགས་བྱས།

    ཚོགས་འདུས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་གཞི་ཨུ་ཡོན་ལྷན་ཚོགས་ཀྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་ཞིབ་བཤེར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད་ལ་གྲོས་འཆམ་བྱུང་།

    ཡུས་ཀྲིན་ཧྲིན་གྱིས་གཏམ་བཤད་ཁྲོད་བཤད་རྒྱུར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེངས་འདིའི་གྲོས་ཚོགས་ལ་མཐོང་ཆེན་བྱས་ཤིང་། འབྲེལ་ཡོད་སྡེ་ཁག་དང་སྤྱི་ཚོགས་ལས་རིགས་སོ་སོས་ཕྱོགས་མང་པོ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས། ཚོགས་འདུའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན་རྣམས་ཚོགས་འདུའི་མགོ་རྩོམ་དང་མཇུག་བསྒྲིལ་ཚོགས་འདུར་ཞུགས་པ་དང་། ཚན་ཆུང་དང་སྲིད་གྲོས་ཨུ་ཡོན་རྣམས་དང་མཉམ་དུ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ཐབས་ཇུས་ལ་གྲོས་མོལ་བྱས་ལ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་བློ་མཐུན་རྣམས་ཀྱང་གདན་ཞུ་ལྟར་ཚོགས་འདུར་ཞུགས་ཤིང་། ཨུ་ཡོན་ཚན་ཆུང་གི་གྲོས་བསྡུར་ལ་ཞུགས་ནས་ནན་ཏན་གྱིས་བསམ་འཆར་དང་གྲོས་གཞི་ལ་ཉན། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་གནས་བྱ་བར་དམིགས་ཏེ། བློ་སེམས་རྩེ་གཅིག་གིས་འགན་འཁྲི་ལག་བསྟར་དང་རང་འགུལ་གྱིས་སྲོལ་བཟང་དར་སྤེལ་དུ་བཏང་སྟེ། གྲོས་གཞི་འདོན་པ་དང་གཏམ་བཤད་པ། ཚན་ཆུང་གྲོས་བསྡུར། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློའི་ཆ་འཕྲིན་སོགས་རྒྱུས་ལོན་བྱེད་པའི་རྣམ་པ་བརྒྱུད་དེ་བསམ་འཆར་འདོན་པ་དང་བསམ་བློ་བརྗེ་རེས། གོང་སྤེལ་ཇུས་གཞི་མཉམ་འགོད་བྱས། ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྒྲིལ་པ་དེས་མི་དམངས་སྲིད་གྲོས་དེ་དམངས་གཙོ་གྲོས་བསྡུར་གྱི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་མངོན་པར་མཚོན་ཡོད།

    ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་དུ་སྤེལ་བའི་རླབས་ཆེན་གྱི་རྒྱང་བསྐྱོད་དངོས་སུ་མགོ་བརྩམས། དུས་རབས་གསར་བའི་ཆ་རྐྱེན་འོག་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་དགོས་ལ། ལྷག་པར་དུ་ང་ཚོས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་རྒྱུན་བསྐྱངས་ཏེ་རང་འགུལ་གྱིས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་བློ་མཐུན་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་སོ་སོའི་དགོངས་དོན་སྟེང་གཅིག་གྱུར་བྱེད་དགོས་པ་དང་། མུ་མཐུད་དུ་ཐུན་མོང་གི་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོར་འདིང་དགོས། ལྷག་པར་དུ་བློ་བསྡུས་དགེ་འཚོལ་དང་བློ་གྲོས་གཅིག་བསྡུས་ཀྱིས་དཀའ་ངལ་སྣ་ཚོགས་ཁྱད་དུ་སེལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱས་ནས་བརྟན་བརླིང་ངང་མདུན་སྐྱོད་བྱེད་དགོས། ལྷག་པར་དུ་སྤྱི་ཤེས་རྒྱ་ཆེར་གཅིག་བསྡུ་དང་ཁེ་ཕན་འབྲེལ་བ་མཐུན་སྦྱོར། སྤྱི་ཚོགས་འགལ་བ་ཞི་ལྷོད་དུ་བཏང་ནས་བདེན་ལུགས་གཅིག་སྒྲིལ་བྱ་དགོས། བཅོས་བསྒྱུར་གྱི་ངོ་བོ་གསར་སྐྲུན་ཡིན། མི་དམངས་སྲིད་གྲོས་ཀྱིས་ཤུགས་ཆེན་པོས་དུས་བསྟུན་ལྷན་བསྐྱོད་དང་སྔོན་ཐོན་བརྩོན་ལེན། འཚོལ་ཞིབ་ཧུར་ལེན། ལག་ལེན་དངོས་འབེབས་བཅས་ཀྱི་བཅོས་བསྒྱུར་གསར་སྐྲུན་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་དང་། དམངས་གཙོ་གྲོས་བསྡུར་གོང་སྤེལ་དང་འགན་འཁྲི་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པ། འབྲེལ་བ་མཐུན་སྦྱོར་དང་སྟོབས་ཤུགས་གཅིག་སྒྲིལ། བློ་འདོན་ཇུས་འབུལ། ཁྱོན་ཡོངས་ལ་ཞབས་ཞུའི་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་བཅོས་བསྒྱུར་གཏིང་ཟབ་སྤེལ་བའི་སྤྱིའི་དམིགས་འབེན་ལ་ཞབས་ཞུ་སྒྲུབ་པ་དང་། དཔལ་འབྱོར་རྒྱུན་མཐུན་དང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དང་། དམངས་འཚོ་ལེགས་བཅོས་ལ་འགན་སྲུང་བྱེད་པར་སྐུལ་སྤེལ། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པར་བྱས་རྗེས་འཇོག་དགོས།  

    མཇུག་སྒྲིལ་ཚོགས་འདུར་ཞུགས་པའི་མགོ་ཁྲིད་ལ་ད་རུང་མ་ཁེ་དང་ཝང་ཧུའུ་ཉིན། ལིག་ཡན་ཏུང་། ལིག་ཆི་པའོ། ཞུའུ་ཆི་ལིང་། སུང་ཁྲུན་ལན། སུང་ཀྲིན་ཚའེ། ལིས་ཅན་ཀའོ། ལིས་ཡོན་ཁྲའོ། ཝང་དབྱང་། ཀྲང་ཁྲུན་ཞན། ཧྥན་ཁྲང་ལུང་། མིན་ཅན་ཀྲུའུ། ཀྲའོ་ལིག་ཅི། ཧུའུ་ཁྲུན་ཧྭ། ལིས་ཀྲན་ཧྲུའུ། ཀའོ་ཅིན་ལུང་། ཧན་ཀྲིན། ཀྲའོ་ཧུང་ཀྲུའུ། དབྱང་ཅིན། ཝང་ཧྲིན་ཅིན། ཁྲིན་ཁྲང་ཀྲི། ཡན་ཅོན་ཆི། ཝང་ཁྲིན། ཧྲིན་ཡུའེ་ཡུའེ། ཅིས་པིན་ཞོན། ཀྲང་ཕིན། བྱམས་པ་ཕུན་ཚོགས། ཨེ་ལིས་ཀུན་དབྱི་མིན་པ་ཧེ། ཝན་ཨུ་ཞང་། ཀྲང་པའོ་ཝིན། ཁྲིན་ཀྲུའུ། ཁྲང་ཝན་ཆོན། དབྱང་ཅེ་ཁྲི། ཀའོ་ཧྲིན་ཁུང་། ཝང་ཡུང་། ཀྲོའུ་ཆང་། ཚའོ་ཅན་མིན་སོགས་ཡོད།

    ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་མི་སྣ་བཅས་མཇུག་བསྒྲིལ་ཚོགས་འདུར་ཞུགས་ཡོད་པ་དང་། ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པ་གདན་ཞུ་ལྟར་མཇུག་སྒྲིལ་ཚོགས་འདུར་ཟུར་ཞུགས་བྱས་ཡོད།

    ཚོགས་འདུ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མཇུག་བསྒྲིལ་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག