མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བྱང་ཁུལ་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་ལ་བསམ་འཆར་བསྡུ་ལེན་བྱེད་པའི་ཁྲོམ་བསྒྲགས་ཡི་གེ་སྤེལ་བ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-12 11:05

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་སྐོར་ཐེངས་གཉིས་པའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་བརྟན་བརླིང་ངང་སྤེལ་ནས། མང་ཚོགས་ཚང་མས་དེའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་དུ་འཇུག་ཆེད། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ལ་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལ་ཕུལ་བའི་ཁྲོམ་བསྒྲགས་ཡི་གེ་དང་ཁུལ་ཡོངས་ཀྱི་མང་ཚོགས་ལ་ཕུལ་བའི་ཁྲོམ་བསྒྲགས་ཡི་གེ་སྤེལ་ནས། སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་དམིགས་ཡུལ་དང་རེ་བ་སོགས་ཀྱི་ཐད་ནས་རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་རྣམས་ལ་གསལ་བཤད་བྱས་ཏེ། རྒྱ་ཆེའི་མང་ཚོགས་རྣམས་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་ཞུགས་པའི་སྣང་ཚུལ་བཟང་བོ་བསྐྲུན།

ཁྲོམ་བསྒྲགས་ཡི་གེའི་ནང་དུ། རྒྱ་ཆེའི་མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་མཐོང་ཆེན་དང་དུས་ལྟར་ཞིབ་འཇུག་བྱེད་པ་དང་། གནས་ཚུལ་མི་འདྲ་བར་གཞིགས་ནས་བྱེད་ཐབས་མི་འདྲ་བ་སྤྱད་དེ་ཐག་གཅོད་བཟང་བོ་བྱེད་རྒྱུའི་ཚུལ་བསྟན། བྱེད་སྟངས་དེས་མཚོ་བྱང་ཁུལ་གྱིས་བརྟན་བརླིང་དང་ཕན་ནུས་ཡོད་པའི་སྒོ་ནས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བར་སྐུལ་འདེད་ཀྱི་ནུས་པ་བཟང་བོ་ཐོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག