མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ཤར་གྱིས་ལོ་ལོན་མི་ཁྲི14ལ་རྒན་གསོ་འགན་སྲུང་གྲོན་དངུལ་སྒོར་དུང་ཕྱུར1.49བྱིན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-11 11:20

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོའི་ཟླ12པའི་ཟླ་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་གསར་དར་ཞིང་སྡེ་རྒན་གསོ་འགན་སྲུང་ལ་ཞུགས་ཚད92%ལ་སླེབས་ཡོད་པ་དང་། ལོ60ཡན་གྱི་ལོ་ལོན་མི140770ལ་རྒན་གསོ་འགན་སྲུང་གྲོན་དངུལ་སྒོར་ཁྲི14889.86བྱིན་པ་དང་སྟེར་ཚད100%ལ་སླེབས་ཡོད།

2013ལོའི་ལོ་མཇུག་ལ། མཚོ་ཤར་གྲོང་ཁྱེར་གྱི་སྤྱི་ཚོགས་འགན་སྲུང་གཞུང་སྒྲུབ་ལས་ཁུངས་ཀྱི་ཆ་འཕྲིན་མ་ལག་དང་དངུལ་རྩའི་ལས་ཁུངས་ཀྱི་ཆ་འཕྲིན་མ་ལག་གཉིས་དྲ་སྦྲེལ་མངོན་འགྱུར་བྱས་ནས། མི102518ལ་ཐད་ཀར་དུ་རྒན་གསོ་འགན་སྲུང་གྲོན་དངུལ་བྱིན་པ་མ་ཟད། 2014ལོའི་ཟླ་དང་པོར་གྲོང་ཁྱེར་ཡོངས་ཀྱི་རྒན་གསོ་གྲོན་དངུལ་ཐད་ཀར་དུ་སྟེར་བ་མངོན་འགྱུར་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག