མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་དངུལ་བུན་སྒོར་དུང་ཕྱུར53བཏང་ནས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-11 11:20

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་ལས་གཉེར་པུའུ་ཡིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འཛུགས་སྐྲུན་འཆར་འགོད་ལ་གཞིགས་ཏེ། ཞིང་སྡེའི་གཞུང་ལམ་ཐད་དངུལ་བུན་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ལ། 2007ལོའི་ཚུན་ནས་བཟུང་བསྡོམས་པས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ཐད་ལ་དངུལ་བུན་སྒོར་དུང་ཕྱུར53.5བཏང་སྟེ། སྔ་རྗེས་སུ་ཞིང་སྡེའི་བོད་ཁུལ་གྱི་རྫོང་དང་ཤང་རེར་འཐེན་པ་དང་ཤང་སོ་སོར་འཐེན་པ། སྡེ་བ་སོ་སོར་འཐེན་པ། ཡུས་ཧྲུའུ་གནོད་སེལ་ཤར་གཏོང་གཞུང་ལམ་འཛུགས་སྐྲུན། ཞིང་སྡེའི་རིམ་པ་གཉིས་པའི་གཞུང་ལམ་འཛུགས་སྐྲུན་སོགས་ལས་གཞི9ལ་རོགས་སྐྱོར་བྱས། ཞིང་སྡེའི་གཞུང་ལམ་སྤྱི་ལེ80099གསར་འཛུགས་དང་ཞིག་གསོ་བྱས་པ་དང་། ཤང་དང་གྲོང་རྡལ239ལ་སྣུམ་ལམ་ཤར་གཏོང་བྱས་ལ། ཞིང་ཆེན་ཡོངས་ཀྱི་རྫོང་དང་གྲོང་ཁྱེར26ལ་སྣུམ་ལམ་ཤར་གཏོང་མངོན་འགྱུར་བྱས་པ་དང་། སྲིད་འཛིན་སྡེ་བ4172ལ་གཞུང་ལམ་བཙུགས་པ་དང་། སྲིད་འཛིན་སྡེ་བ32%ལ་ཨར་འདམ་གཞུང་ལམ་བཟོས་པས་རོང་འབྲོག་པ་མི་ཁྲི270ལྷག་ལ་ཕན་ཁེ་བསྐྲུན།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག