མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་ཁྲི་ཀ་རྫོང་དཀར་བརྗིད་ཞང་གི་མང་ཚོགས་ལ་རིན་མ་བླངས་པར་སྨན་བཅོས་བྱས་པ།

རྩོམ་པ་པོ། ཚེ་མགོན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-10 11:28

sadfff

སྨན་པ་རྣམས་ཀྱིས་ནད་ལ་བརྟག་བཞིན་པའི་ཚུལ།

afdf

སྨན་པ་རྣམས་ཀྱིས་ནད་ལ་བརྟག་བཞིན་པའི་ཚུལ།

afffff

ནད་པ་ཚོ་གྲལ་སྒྲིག་ནས་སྨན་བཅོས་བྱེད་བཞིན་པའི་ཚུལ།

ddddd

རིན་མ་བླངས་པར་བྱིན་པའི་སྨན་རྫས། 

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཕོ་རྒྱུ་ཚན་ཁག་དང་གླད་སྙིང་ཚན་ཁག ལུས་ཟུངས་བདེ་སྲུང་ཚན་ཁག་གི་ཆེད་མཁས་པ་དང་ནད་གཡོག་སོགས་ཀྱིས་གྲུབ་པའི་བརྟག་དཔྱད་སྨན་བཅོས་རུ་ཁག་གིས་སྨན་ཁྱེར་ནས་ཁྲི་ཀ་རྫོང་དཀར་བརྗིད་ཞང་ཚྭ་ཆུ་ནང་སྡེ་བར་སོང་ནས་སྨན་བཅོས་བརྟག་དཔྱད་ཀྱི་བྱ་འགུལ་སྤེལ།

    སྨན་བཅོས་བརྟག་དཔྱད་རུ་ཁག་གི་སྨན་པས་ཚྭ་ཆུ་ནང་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ར་སྐོར་ནང་ནས་སྐབས་བཅོས་སྟེགས་བུ་བཙུགས་ནས་ནད་ལ་བརྟག་སྟེ་སྨན་རྫས་བྱིན། མང་ཚོགས་ཚང་མ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ར་སྐོར་ནང་ནས་གྲལ་སྒྲིག་པ་དང་། སྨན་བཅོས་མི་སྣས་རྒྱ་ཆེའི་མང་ཚོགས་རྣམས་ལ་རིན་མི་དགོས་པར་ཁྲག་ཤེད་ལ་བརྟག་པ་དང་རྩར་བརྟག་པ། ནད་རིགས་སྐོར་ནས་ལན་འདེབས་པ། སྨན་སྟེར་བ་བཅས་ཀྱི་བྱ་འགུལ་སྤེལ་བར། མང་ཚོགས་རྣམས་ཀྱིས་བོད་སྨན་ཆེད་མཁས་པ་སྡེ་བ་རུ་ཡོང་ནས་ནད་ལ་བརྟག་པ་འདིས་ང་ཚོར་སྟབས་བདེ་ཆེན་པོ་བཟོས་ཡོད་ལ། འདི་ནི་ངོ་མ་དོན་བཟང་ཞིག་རེད་ཟེར་ནས་བསྔགས་བརྗོད་བྱས། ཉིན་དེའི་བརྟག་དཔྱད་ཁྲོད་སྨན་བཅོས་རུ་ཁག་གིས་བསྡོམས་པས་ཚྭ་ཆུ་སྡེ་བའི་སྡེ་མི་ཉིས་བརྒྱ་ལྷག་ལ་རྒྱུན་ལྡན་གྱི་ལུས་ཕུང་ཞིབ་བཤེར་བྱས་པ་དང་གཞན་ད་རུང་རིན་མི་དགོས་པར་རིན་གོང་སྒོར་སྟོང་གཉིས་ལྷག་གི་སྨན་རྫས་བྱིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག