མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུས་ཧྲུའུ་ཡི་ལས་བྱེད་པ1598གཞི་རིམ་གྱི་སྡེ་བར་བསྐྱོད་དེ་ཡིག་ཆ་ཨང་དང་པོ་སྒྲོག་འགྲེལ་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-10 11:05

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོ་རྒྱ་ཆེར་དྲིལ་སྒྲོག་བྱེད་པ་དང་། ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དང་ཁུལ་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བཅས་དྲིལ་སྒྲོག་བྱེད་ཆེད། ཡུས་ཧྲུའུ་ཁུལ་གྱིས་ཁུལ་ཡོངས་སུ“སྲིད་ཇུས་སྒྲོག་འགྲེལ་དང་བཅོས་བསྒྱུར་སྐུལ་འདེད། ཐོན་སྐྱེད་སྐུལ་སྤེལ། འཆམ་མཐུན་སྐུལ་འདེད”ཀྱི་བརྗོད་དོན་ཡིན་པའི་ལས་བྱེད་པ་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་སྤེལ།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་ལ་བསྡོམས་པས་ཁུལ་ཡོངས་ཀྱི་ལས་བྱེད་པ1598མངགས་གཏོང་བྱས་ཡོད་པ་དང་། དེའི་ནང་ཐིན་དང་ཁྲུའུ་རིམ་པའི་མགོ་ཁྲིད388དང་། རྫོང་རིམ་པའི་ལས་བྱེད་པ2དང་ཤང་གྲོང་རིམ་པའི་ལས་བྱེད་པ548བཅས་མངགས་ཡོད་ལ། བྱ་བའི་ཚན་ཆུང274རྩ་འཛུགས་བྱས་ཏེ། ཤང་གྲོང་སོ་སོར་མཐུན་སྦྱོར་གྱིས་རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ལ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོ་དང་། ཞིང་ལས་གཟིགས་སྐྱོང་སྲིད་སྐོར་ཞིག་སྒྲོག་འགྲེལ་བྱས་པ་དང་། བརྟག་བཤེར་ཞིབ་འཇུག་སྤེལ་ཏེ་ཞིང་སྡེའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ཤུགས་ཞན་སར་རྒྱུས་ལོན་བྱས་ནས་ཁ་གཏད་རང་བཞིན་གྱི་སྲིད་ཇུས་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག