མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ད་ལོར་དགེ་རྒན་ཁྲི1.6གསོ་སྦྱོང་བྱས་ཏེ་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-10 11:05

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས7ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དགེ་རྒན་གསོ་སྦྱོང་བྱ་བའི་བརྗེ་རེས་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ད་ལོར་མཚོ་སྔོན་གྱིས་ཧུར་བརྩོན་གྱིས་ལོ་ཧྲིལ་བོར་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཁྲི1.6གསོ་སྦྱོང་བྱས་ཏེ། སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་རྒྱུ་རེད།

མཚོ་སྔོན་གྱིས་བཏོན་པའི་འབྲེལ་ཡོད་སྲིད་ཇུས་ལ་གཞིགས་ན། 2015ལོའི་བར་དུ། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དཔུང་སྡེའི་སྤྱིའི་གཞི་ཁྱོན་དང་སྒྲིག་གཞི་དེ་གཞི་རྩའི་ཐོག་སློབ་གསོ་ལས་དོན་འཕེལ་རྒྱས་ཀྱི་དགོས་མཁོར་བསྟུན་པ་དང་། དགེ་རྒན་དཔུང་སྡེའི་སྤྱི་ཡོངས་ཀྱི་སྤུས་ཚད་དེ་གཞི་རྩའི་ཐོག་སྤུས་ཚད་སློབ་གསོའི་དགོས་མཁོ་དང་བསྟུན་པ། དགེ་རྒན་གསོ་སྦྱོང་གི་རོགས་སྐྱོར་ཞབས་ཞུ་མ་ལག་གཞི་རྩའི་ཐོག་འཛུགས་སྐྲུན་ལེགས་འགྲུབ་བྱས་ཏེ་སློབ་གསོ་སློབ་ཁྲིད་ཀྱི་ཁྱབ་ཁོངས་ཞན་སར་ཤུགས་སྣོན་རྒྱུ་རེད། 2020ལོའི་བར་དུ། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དཔུང་སྡེའི་སྤྱི་ཡོངས་ཀྱི་སྤུས་ཚད་ཚད་མཐོན་པོས་གོང་དུ་སྤེལ་ཏེ། སྤྱིར་བཏང་དུ་ཆེད་ལས་ཀུན་སྤྱོད་སྤུས་ཚད་དང་དེང་རབས་སློབ་གསོའི་འདུ་ཤེས་ལྡན་པ། ཆེད་ལས་ཤེས་བྱ་དང་སློབ་གསོ་སློབ་ཁྲིད་ཀྱི་ནུས་པ་ལྡན་པ་མངོན་འགྱུར་བྱེད་རྒྱུ་རེད། དེར་མ་ཟད་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ལོ་ལྔ་རེའི་ནང་ཐེངས་རེར་གསོ་སྦྱོང་རེ་བྱེད་པ་དང་། ཐེངས་རེའི་གསོ་སྦྱོང་བྱེད་ཡུན་དེ་དུས་ཚོད360དང་། ཐེངས་རེའི་གསོ་སྦྱོང་དགེ་རྒན་དེ་ཆེད་ལས་དགེ་རྒན་ཀྱི20%ཡི་བསྡུར་ཚད་ལྟར་གསོ་སྦྱོང་བྱེད་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག