མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྤྱིའི་མ་དངུལ་སྒོར་དུང་ཕྱུར97བཏང་ནས་ལས་གཞི663འཛུགས་སྐྲུན་བྱས་ཏེ་རྨ་ལྷོ་བོད་ཁུལ་གྱི་ཐོལ་བརྒལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-10 11:05

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས2013ལོར་རིགས་སོ་སོའི་ལས་གཞི663ལག་བསྟར་བྱས་ཏེ། སྤྱིའི་མ་དངུལ་སྒོར་དུང་ཕྱུར97.5ལ་སླེབས་ཤིང་། དེས་དཔལ་འབྱོར་འཕར་ཚད་བརྒྱ་ཆའི་ཆ21ཇེ་མཐོར་སོང་ཡོད།

2013ལོར་རྨ་ལྷོ་ཁུལ་གྱིས་རིགས་སོ་སོའི་ལས་གཞི་འཛུགས་སྐྲུན་དེ་འཕར་ཚད་བརྟན་བརླིང་དང་སྒྲིག་གཞི་ལེགས་བཅོས། དམངས་འཚོར་འགན་སྲུང་། བརྟན་འཇགས་ལ་སྐུལ་སྤེལ། བོད་ཁུལ་གྱི་ཐོལ་བརྒལ་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་དམིགས་ཏེ། གཙོ་གནད་ལ་གཞིགས་ནས་དངོས་འབེབས་གཙིགས་སུ་བཟུང་སྟེ་བརྟན་བརླིང་ངང་རིགས་སོ་སོའི་ལས་གཞི་འཛུགས་སྐྲུན་ལག་བསྟར་བྱས། མ་དངུལ་སྒོར་དུང་ཕྱུར14.69བཏང་ནས་ཁུལ་ཡོངས་ཀྱི་མཁར་གྲོང་གི་རྨང་གཞི་སྒྲིག་ཆས་དང་གནས་སྐོར་སྲང་ལམ་དྲུག། ཐུན་རིན་རྫོང་གསེར་མོ་ལྗོངས་ས་ཁང་བདག་ཁོངས་གསར་སྤེལ། རེབ་གོང་སྒྱུ་རྩལ་འགྲེམ་སྟོན་ཁང་རྒྱན་སྤྲས་བཟོ་འགོད། རེབ་གོང་ཁྲོམ་ར་ཆེན་མོ། ཁམས་ར་མཛེས་ལྗོངས་ཀྱི་རྨང་གཞི་སྒྲིག་ཆས་སོགས་མཁར་གྲོང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི9ལག་བསྟར་བྱས། ཆུ་བེད་དང་ཞིང་ཕྱུགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་བཙན་མོ་ཆུ་མཛོད་དང་ཆ་སྡེབ་བཟོ་འགོད། སྔོ་རྒྱ་འགག་བྱང་རྒྱུད་ཆུ་རྐ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གཞིའི་སྐབས་གཉིས་པའི་བཟོ་འགོད་སོགས་ཆུ་བེད་དང་ཞིང་ཕྱུགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི9ལ་སྤྱིའི་མ་དངུལ་སྒོར་དུང་ཕྱུར3.4བཏང་ཡོད།

རྨ་ལྷོ་གནམ་གྲུ་འབབ་ཚིགས་དང་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་རྨ་ལྷོའི་བར་མཚམས། ཐུན་རིན་ནས་ཧི་ནན་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་ལས་གཞི་མིག་སྔར་དུས་སྐབས་སྔོན་མའི་བྱ་བ་དག་ལ་མུ་མཐུད་དུ་སྐུལ་སྤེལ་བྱས་ཤིང་། ཡར་ག་ནས་ཐུན་རིན་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལས་མགོ་བརྩམས་པ་དང་། ཁང་རྙིང་བསྒྱུར་བཅོས་དང་ཡུལ་བབ་དང་བསྟུན་ནས་དབུལ་སྐྱོར་གནས་སྤོར་བྱེད་པ། རུ་སྤོར་འབྲོག་དམངས་གཏན་སྡོད། བྱ་དགའི་རང་བཞིན་གྱི་སྡོད་ཁང་སོགས་འགན་སྲུང་བདེ་སྡོད་བཟོ་འགོད་དང་ལས་དོན་སྡོད་ཁང་འཛུགས་སྐྲུན་བཅས་ཕྱོགས་ཡོངས་ནས་ལས་མགོ་བརྩམས་ཤིང་མ་དངུལ་སྒོར་དུང་ཕྱུར3.24བཏང་ཡོད། ཐེན་ཅིན་གྱིས་རྨ་ལྷོར་ཁ་གཏད་རོགས་སྐྱོར་བྱེད་པ་དང་། ཀྲུང་དབྱང་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་སོ་སོ་བཅས་ཀྱིས་རོགས་སྐྱོར་མ་དངུལ་སྒོར་ཁྲི7251ལ་སླེབས་ཡོད་པ་དང་། དེས་རྩེ་ཁོག་རྫོང་ཉིན་ཕྱུག་ཤང་སྡོང་ཕྲུག་འདེབས་འཛུགས་དང་འབྲུ་གཡག་གསོ་སྤེལ། གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་གཞུང་སྒྲུབ་ཐོག་ཁང་དང་ལུས་རྩལ་ར་བ་སོགས་ཀྱི་ལས་གཞི་ལག་བསྟར་བྱས། ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ཁྱབ་ཚུལ་ལེགས་སྒྲིག་དང་སློབ་གྲྭའི་མལ་ཁང་བདེ་འཇགས་བཟོ་འགོད། ཁུལ་སྨན་ཁང་བྱིས་ནད་ཚན་ཁག་དང་ཞག་སྡོད་སྨན་བཅོས་ཕྱོགས་བསྡུས་ཐོག་ཁང་། འགོས་ནད་ཚན་ཁག་གི་ཕྱོགས་བསྡུས་ཐོག་ཁང་སོགས་སློབ་གསོ་དང་འཕྲོད་བསྟེན་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་བཅས་ལ་སྤྱིའི་མ་དངུལ་སྒོར་དུང་ཕྱུར6.32བཏང་ཡོད།

རྨ་ལྷོ་ཁུལ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ཀྱི་འགན་འཁུར་མི་སྣས་མཚམས་སྦྱོར་བྱས་ལྟར་ན། ཁུལ་ཡོངས་ཀྱི་དངུལ་གཏོང་འཁོར་རྒྱུག་ལ་ཞིང་སྡེའི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་གཏོང་ཚད་དེ་གྲོང་རྡལ་གྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་གཏོང་ཚད་ལས་མགྱོགས་པ་དང་། དམངས་ཁྲོད་མ་དངུལ་འཕར་ཚད་རྒྱལ་དབང་དང་རྒྱལ་དབང་ཚོད་འཛིན་མ་རྐང་ལས་མགྱོགས་ཤིང་། ཐོན་ལས་གསུམ་པའི་མ་དངུལ་གཏོང་ཚད་དེ་མགྱོགས་མྱུར་ངང་གོང་དུ་འཕེལ་བ་དང་རྨང་གཞི་སྒྲིག་ཆས་ཐད་མ་དངུལ་གཏོང་ཚད་ཅུང་མགྱོགས་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག