མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁོང་ཡུང་གིས་རྒྱལ་ཡོངས་ཀྱིས་མཚོ་སྔོན་ལ་ཚན་རྩལ་གྱིས་རོགས་སྐྱོར་བྱེད་པའི་བྱ་བ་དེ་ཁ་གཏད་རོགས་སྐྱོར་བྱེད་པའི་ལམ་ལུགས་སུ་འགོད་དགོས་པའི་གྲོས་གཞི་བཏོན་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-10 11:05

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། པེ་ཅིན་ན་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་བཞིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁོང་ཡུང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གྲོས་གཞི་སྤྲད་དེ་རྒྱལ་ཁབ་ཀྱིས་མཚོ་སྔོན་ལ་ཚན་རྩལ་གྱིས་རོགས་སྐྱོར་བྱེད་པའི་བྱ་བ་དེ་ཁ་གཏད་རོགས་སྐྱོར་བྱེད་པའི་ལམ་ལུགས་སུ་བཞག་ནས་མཚོ་སྔོན་ལ་ཚན་རྩལ་གྱིས་རོགས་སྐྱོར་བྱེད་པའི་བྱ་བ་དང་ཚན་རྩལ་མཉམ་ལས་བྱ་བར་ཤུགས་སྣོན་དགོས་པའི་གྲོས་གཞི་བཏོན།

ཁོང་ཡུང་གིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ནི་མདོ་དབུས་མཐོ་སྒང་དང་གཙང་གསུམ་འབྱུང་ཡུལ་དུ་གནས་པ་དང་། དེ་ནི་རང་རྒྱལ་གྱི་སྐྱེ་ཁམས་ས་བབ་གལ་ཆེན་ཞིག་ཡིན། གཅིག་ནས་སྐྱེ་ཁམས་གོ་གནས་ཀྱི་གལ་ཆེན་རང་བཞིན་དང་ཉམས་ཞན་རང་བཞིན། རང་བྱུང་ཐོན་ཁུངས་ཀྱི་ཐུན་མོང་མ་ཡིན་པའི་རང་བཞིན། ཕུན་ཚོགས་རང་བཞིན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྗེས་ལུས་རང་བཞིན། དཀའ་ཚགས་རང་བཞིན་བཅས་ཀྱིས་ངེས་པར་དུ་ཚན་རྩལ་ལ་བརྟེན་ནས་གསར་སྐྲུན་བྱས་ཏེ་ལྷད་མེད་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པ་ཐག་གཅོད་བྱས་ཡོད་པ་དང་། གཉིས་ནས་ཚོ་སྔོན་ཞིང་ཆེན་ལ་གསར་གཏོད་ཀྱི་ཐོན་ཁུངས་དཀོན་པ་དང་གསར་གཏོད་ཀྱི་ནུས་ཤུགས་ཀྱང་བལྟས་བཅོས་ཀྱིས་ཞན་པས། གསར་གཏོད་འཕེལ་རྒྱས་མངོན་འགྱུར་བྱེད་ན་ངེས་པར་དུ་རྒྱལ་ཡོངས་ཀྱི་ཚན་རྩལ་སྟོབས་ཤུགས་ལ་བརྟེན་དགོས་ཟེར།

ཁོང་ཡུང་གིས་རྒྱལ་ཁབ་ཀྱིས་མཚོ་སྔོན་ལ་ཚན་རྩལ་གྱིས་རོགས་སྐྱོར་བྱེད་པའི་བྱ་བ་དེ་ཁ་གཏད་རོགས་སྐྱོར་བྱེད་པའི་ལམ་ལུགས་ནང་བཀོད་དེ་མཚོ་སྔོན་ལ་ཚན་རྩལ་གྱིས་རོགས་སྐྱོར་བྱེད་པའི་བྱ་བ་དང་ཚན་རྩལ་མཉམ་ལས་ཀྱི་བྱ་བར་ཤུགས་བསྣན་ཏེ་ཚད་མཐོ་བའི་ལག་རྩལ་ཐོན་ལས་གྱི་སྤོ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། གནད་སའི་ཁྱབ་ཁོངས་ཀྱི་ཚན་རྩལ་ཞིབ་འཇུག་སྒྲིག་གཞི་དང་ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་གནད་འདྲེན་ཞུ་བའི་བྱ་བར་ཤུགས་སྣོན་དགོས་པའི་གྲོས་གཞི་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག