མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-10 11:05

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་ལྔ་ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།

ཚོགས་འདུ་ལས2013ལོའི་བྱ་བར་སྤྱི་སྡོམ་བྱས་པ་དང2014ལོའི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་རིན་ཝང་ལིན་ཅུན་དང་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སངས་རྒྱས་སྐྱབས། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ལིས་མེན་ཅིན་དང་མཱ་ཧྥུའུ་ཧེ། ཞོན་ཞིན་ཚེ། ཀྲུའུ་རིན་གཞོན་པ་ཡེའོ་ཧྲི་ཧྲུའུ། ཀྲའོ་ཆི་ཀྲུང་། ཆན་དབྱིན་ཞེའོ། ཧན་ཡུས་ཀོས་བཅས་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་དུ་བསྟན་དོན། རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེ་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་གོ་རིམ་དང་དམ་པོར་སྦྲེལ་ནས། “རྒན་གཞོན་གཉིས་ཀྱིས་མཉམ་དུ་ཀྲུང་གོའི་ཕུགས་འདུན་བསྐྲུན་པའི”སློབ་གསོའི་བྱ་འགུལ་ཟམ་མ་ཆད་པར་གཏིང་ཟབ་ཏུ་སྤེལ་བ་དང་། གཞི་རིམ་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་སྲ་བརྟན་ངང་འཕེལ་རྒྱས་སུ་གཏོང་བ། གཞི་རིམ་བྱ་བ་ཚན་རིག་ཅན་དུ་བསྒྱུར་བར་སྐུལ་འདེད་བཅས་བྱས་ཏེ། ཧུར་བརྩོན་ཆེན་པོས་སྤྱི་ཚོགས་ལེགས་བཅོས་ཀྱི་བྱ་བའི་ཁྲོད་ཞུགས་དགོས་པ་མ་ཟད། གཞོན་ནུའི་ཁྲིམས་ལུགས་སློབ་གསོ་དམ་འཛིན་དང་སྤྱི་ཚོགས་རིག་གནས་ཁོར་ཡུག་གཙང་བཅོས །གཞོན་ནུ་རྣམས་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱ་བ་འཐུས་ཤོར་མེད་པའི་ངང་སྒྲུབ་དགོས། གཞོན་ནུ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཞབས་འདེགས་ཞུ་ཆེད། གཞོན་ནུ་རྣམས་ཀྱི་བྱ་བའི་ཁྲོད་གནས་པའི་དཀའ་གནད་དང་འབུར་ཐོན་འགལ་རྐྱེན་ལ་དམིགས་ནས། རིམ་གྱིས་ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བ་གསར་བསྐྲུན་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ཐེབས་རྩ་ཚོགས་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས། ཞལ་འདེབས་བསྡུ་བ་དང་བརྩེ་སེམས་འབུལ་བའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཅི་ཡོད་ལ་སྐུལ་སློང་བྱས་ཏེ། ལོ་ཆུང་གཞོན་ནུ་ཚོའི་དངོས་ཡོད་དཀའ་ངལ་སེལ་བར་འབད་འབུངས་བྱེད་དགོས་ཟེར།

ཚོགས་འདུའི་སྟེང་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བར་སྣེ་ཁྲིད་དང་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་ནས། སྤྱི་ཁོག་སྙོམ་སྒྲིག་བྱ་བར་ཤུགས་སྣོན་དང་བདེ་ཐང་གི་ལམ་ལུགས་ལ་འགན་ལེན་ཡོད་པར་བྱེད་པ། སེམས་ཁུར་དང་གསོ་སྐྱོང་། སློབ་གསོ་བཅས་ཀྱི་བྱ་བ་ཡག་པོར་སྒྲུབ་པར་འབད་དེ། ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་གོང་འཕེལ་དུ་གཏོང་དགོས་ཞེས་ནན་གྱིས་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག