མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཧོས་ཉིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་བུད་མེད་རྣམས་ལ་གསུམ་བརྒྱད་བུད་མེད་དུས་ཆེན་གྱི་འཚམས་འདྲི་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2014-03-09 11:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར། པེ་ཅིན་ན་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་ཀྱིན་པའི་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་གྱིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། ཁོས་ཐོག་མར་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་བུད་མེད་རྣམས་ལ་དུས་ཆེན་གྱི་ཁམས་བདེ་དང་སྨོན་འདུན་ཞུས།

 ལོ་ཧོས་ཉིན་གྱིས་ལོ་འདི་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བུད་མེད་རྣམས་ཀྱིས་རང་བཀུར་དང་རང་རྟོན། རང་སྟོབས་རང་སྤེལ་བཅས་བྱས་ནས། རང་སོ་སོའི་ལས་གནས་སྟེང་དུ་བུད་མེད་ནི་གནམ་འོག་གི་ཕྱེད་ཀ་ཡིན་པའི་ནུས་པ་གལ་ཆེན་བཏོན་ཡོད་ལ། ས་མཐོའི་བུད་མེད་ཀྱི་ཐུན་མིན་མཛེས་པ་མངོན་པར་མཚོན་ཡོད་ཅེས་བཤད། ཁོས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་དོན་དམ་རྒྱ་ཆེའི་བུད་མེད་སྤུན་ཟླར་ལས་ཀ་གང་དག་སྒྲུབ་ཀྱིན་ཡོད་མེད་དང་འགན་ཁུར་དུས་ལྟར་ཡོངས་འགྲུབ་བྱེད་ཀྱིན་ཡོད་མེད་ལ་བསམ་གཞིགས་ནན་མོ་བཏང་ནས། བྱ་བའི་བྱེད་ཕྱོགས་ཟམ་མ་ཆད་པར་ལེགས་བཅོས་དང་རིགས་སོ་སོའི་བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ། བུད་མེད་ཀྱིས་ལས་རིགས་གསར་བ་གཉེར་བར་རྒྱབ་སྐྱོར་དང་དངོས་ཡོད་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ། བུད་མེད་ལས་བྱེད་པ་མང་པོ་གསོ་སྐྱོང་གང་ལེགས་བཅས་བྱེད་དགོས་ལ། རྒྱ་ཆེའི་བུད་མེད་རྣམས་ཀྱིས་འཆམ་འཐུན་སྤྱི་ཚོགས་འཛུགས་སྐྲུན་ཁྲོད་ཐུན་མིན་བྱེད་ནུས་གང་ལེགས་འདོན་པར་འབད་དགོས་ཞེས་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག