མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཁྲིན་ལིས་ཧྭ་ཡིས་ཁྲལ་བསྡུ་བྱ་བ་ལག་བསྟར་དངོས་འབེབས་བྱེད་པར་རྒྱུས་ལོན་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-09 11:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁྲིན་ལིས་ཧྭ་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་གྱི་ཤར་རྒྱུད་ས་ཁུལ་དང་བྱང་རྒྱུད་ས་ཁུལ་གྱི་ས་གནས་ཁྲལ་བསྡུ་ལས་ཁུངས་ཀྱི་སྤྱིའི་གཞུང་སྒྲུབ་ཁང་དང་ཞིང་ཆེན་ས་གནས་ཁྲལ་བསྡུ་ཅུའུ་ལ་སོང་ནས་ཁྲལ་བསྡུའི་བྱ་བ་ལག་བསྟར་དངོས་འབེབས་བྱེད་པའི་སྲིད་ཇུས་ལ་རྒྱུས་ལོན་བྱས།

ཁོ་མོས་བཅོས་སྒྱུར་གྱི་དགོངས་དོན་དང་བསམ་བློ། བྱེད་ཐབས་བཅས་སྤྱད་ནས་ས་གནས་ཁྲལ་བསྡུའི་བྱ་བར་སྐུལ་འདེད་གཏོང་དགོས་པར་མ་ཟད། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་ནས་བྱས་རྗེས་འཇོག་པར་བརྩོན་ལེན་བྱེད་དགོས་ཞེས་ནན་གྱིས་བཤད། ཁོ་མོས་ཁྲལ་བསྡུའི་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་འཇོན་ཐང་མི་སྣའི་དཔུང་སྡེ་རྒྱ་བསྐྱེད་པ། བྱ་བའི་བྱེད་ཕྱོགས་དང་བྱེད་ཐབས་ལེགས་བསྒྱུར་བཅས་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་ཚན་རིག་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་བཏང་སྟེ། ཚན་ཁག་གི་སྤྱོད་གཙང་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་པ་བརྒྱུད། སློབ་སྦྱོང་ཡར་ཐོན་ཡོང་བར་མཐོང་ཆེན་དང་མཐུན་སྒྲིལ་ལ་དོ་སྣང་། ཏང་གི་སྲིད་གཙང་སྤྱོད་བཟང་འཛུགས་སྐྲུན་བྱས་ཏེ། ཚང་མས་ཁྲལ་བསྡུའི་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་གོང་འཕེལ་ལ་གཏོང་བར་འབད་འབུངས་བྱེད་དགོས་ཞེས་ནན་གྱིས་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག