མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་མུ་མཐུད་དུ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་དང་། འཆར་འགོད་དང་སྔོན་རྩིས་སྙན་ཞུ་ལ་ཞིབ་བཤེར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-09 11:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས7ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། མུ་མཐུད་དུ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་དང་། 2013ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ་དང2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་འཆར་ཟིན་སྐོར་གྱི་སྙན་ཞུ་དང་། 2013ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2014ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་ལ་ཞིབ་བཤེར་ནན་མོ་བྱས། རྒྱལ་སྲིད་ཨུ་ཡོན་ཡཱང་ཅེ་ཁྲི་གྲོས་ཚོགས་ལ་ཞུགས་ནས་འཐུས་མིའི་བསམ་འཆར་ལ་ཉན།

 རིན་མའོ་ཏུང་། རིན་ཅན་ཞིན། ལིག་ལིས། ཝང་ཞའོ། ཧི་ཧྥུན་སོགས་འཐུས་མིས་གཏམ་བཤད་སྐབས་སྲིད་གཞུང་བྱ་བའི་སྙན་ཞུ་དང་འཆར་འགོད་དང་སྔོན་རྩིས་སྙན་ཞུ་ལ་ཧ་ཅང་འཐད་པའི་ཚུལ་བསྟན། ཚང་མས2013ལོར་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་ཡང་དག་འོག རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྟེང་གྲོས་ཞིབ་བྱས་ཏེ་ཆོག་མཆན་བཀོད་པའི་འཕེལ་རྒྱས་འཆར་འགོད་དང་ནོར་སྲིད་སྔོན་རྩིས་གཞིར་བཟུང་ནས། ཕྱོགས་སོ་སོའི་བྱ་བ་བཟང་བོར་བསྒྲུབས་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལེགས་པ་དང་། འཆར་འགོད་དང་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་ཧ་ཅང་བཟང་། འཆར་འགོད་དང་སྔོན་རྩིས་སྙན་ཞུའི་ཁྲོད་བཏོན་པའི2014ལོའི་བྱ་བའི་ལས་འགན་དེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་མཚོན་ཡོད་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་རེ་བ་དང་མཐུན་པ་མ་ཟད། ཚན་རིག་གི་སྲིད་སྐྱོང་འདུ་ཤེས་དང་བཅོས་བསྒྱུར་ཁ་ཕྱོགས་གསལ་ལ། དམངས་འཚོའི་རེ་སྒུག་བཅས་མངོན་པར་བྱས་ཡོད་པ་དང་། དེ་ནི་ནང་དོན་བདེན་པ་དང་ལས་འགན་གསལ་བོ། བྱེད་ཐབས་ཞིབ་ཕྲ་ཡིན་ལ། ཚན་རིག་ལྟར་དོན་དངོས་སྒྲུབ་པའི་སྙན་ཞུ་བཟང་བོ་ཞིག་རེད་སྙམ། འཐུས་མི་ཚོས་འཐུས་ཚང་དང་ཚད་ལྡན། དེང་རབས་ཀྱི་སྲིད་གཞུང་སྔོན་རྩིས་དོ་དམ་ལམ་ལུགས་འཛུགས་པ་དང་། ཁོར་ཡུག་བཙོག་བཟོ་ཐག་གཅོད་པ། མཚོ་སྔོན་དར་གོས་ཚོང་ལམ་གྱི་དཔལ་འབྱོར་དང་འདྲེས་པར་བྱེད་པ། འདུ་ཤེས་འཛིན་སྟངས་བྱ་བར་ཤུགས་སྣོན་པ། མཐོ་རིམ་སློབ་གསོ་སོགས་ཀྱི་ཕྱོགས་ལ་དམིགས་ནས་བསམ་འཆར་དང་གྲོས་གཞི་བཏོན།

 མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཏུང་ཁེ་ཅོན་དང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཝང་ཞའོ་ཡུང་གཉིས་ཚང་འཛོམས་གྲོས་ཚོགས་ལ་ཟུར་ཞུགས་བྱས། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་ཚོགས་ཐོག་ནས་འཐུས་མིའི་བསམ་འཆར་ལ་ཉན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག